[A:126]
ཀུ་ཀུ་རི་པའི་སྒྲུབ་ཆུ་རྣམས་ཀྱིས་བྲན་ནས་རིལ་བུ་བྱས་པ། རྒྱལ་ཟས་གཅང་མའི་ཚེམས་ཀྱི་རས་མ། བྱང་ཆུབ་ཤིང་གི་ཡལ་གའི་དུམ་བུ། ལོ་མ། བྱ་རྒོད་ཕུང་པོའི་རིའི་སྟེང་དུ་ས་རྡོ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་གྱི་ས། དེ་བཞིན་གཤེགས་པ་ལ་རྒྱལ་ཆེན་བཞིས་ཕུལ་བའི་རྡོའི་ལྷུང་བཟེད་ནང་ནས་བྱུང་བའི་ཤིང་ཐོག །། མ་ག་ཏ་བཟང་མོས་སངས་རྒྱས་ལ་འཐོར་མའི་མེ་ཏོག །། དཔལ་ལྡན་འབྲས་བུ་ཕུང་དུ་བབ་པའི་འབྲས་ཀྱི་ཆར། ལྷའི་མེ་ཏོག་གི་ཆར། བྱམས་པ་སྒྲོ་མཛད་ལ་བབས་པའི་དངུལ་གྱི་མེ་ཏོག །། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཞལ་རྩི། ཇོ་བོ་ཤཱཀྱ་ཞལ་གཉིས། ལྷ་ཆེན་དཔལ་འབར། རང་བྱོན་ཐུགས་རྗེ་ཆེན་པོའི་དབུ་སྐྲ། ཏི་སེའི་ཐུགས་རྗེ་ཆེན་མོའི་བྱིན་བརླབས་ཀྱིས། རྩེ་ལྔའི་ཨ་མོ་ལོ་ཀའི་རྡོ་ལེབ་ཀྱི་དུམ་བུ། འཇམ་དབྱངས་ཞབས་རྗེས་ཀྱི་རྡོའི་དུམ་བུ། བྱང་ཆུབ་དེའི་རྩ། བྱང་ཆུབ་ཀྱི་སྐུད་པ། བལ་པོའི་ཕག་མོ་རང་བྱོན་གྱི་སིནྟུ་ར། ཤ་རིའི་བུའི་སྣམ་སྦྱར་གྱི་རས་མ། མཁར་སིལ་གྱི་རས་མ། མོའུ་འགལ་གྱི་བུའི་མཆོད་རྟེན་གྱི་ས། སློབ་དཔོན་དབྱིག་གཉེན་གྱི་མཆོད་རྟེན་གྱི་ས། མཁན་པོ་ཆེན་པོ་ཞི་བ་མཚོའི་དབུ་ཐོད་ཀྱི་རས་མ། མཆོད་གྱི་ས། ཙནྟྲ་རྣམས་ཀྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སྦྱར་བའི་དྲི་བཟངས། སློབ་དཔོན་པདྨས་སྦྱར་བའི་ཨ་མྲི་ཏ། ན་རོ་པའི་དབུ་སྐྲ། ཞལ་ཚོམས། སྔགས་འདག །། བདུད་རྩིའི་རིལ་བུ། མ་ཁི་