R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 127
[A:127] ཏ་བཛའི་དབུ་སྐྲ། བསྒྲུབས་རིལ། བྲམ་ཟེ་མཆོག་སྲེད་ཀྱིས་ཆོས་སྐྱོང་ཞལ་གཟིགས་དུས་ཀྱི་བཀོད་པ། ཨ་བྷ་ཡ་ཀ་རས་བཞེངས་པའི་ཐང་སྐུའི་གོང་ཤམ། ཀ་མ་ལ་བཱ་ལའི་གདུང་སྐུ་ཤ་ཇོ་བོ་ཨ་ཏི་ཤའི་གདུང་། ཞལ་ཚོམས། ན་བཟའ། ཕྱག་མཁར། བཞུགས་གདན་རྣམས་ཀྱིས་རས་མ། ཇོ་བོས་རྟེན་འབྲེལ་སྙིང་པོ་བསྒྲུབས་པའི་གནས། དམ་པ་རྒྱ་གར་གྱི་བལ་ཐུལ། རྒྱ་གར་ཕྱག་ནའི་རྡོའི་སྒོམ་ཐག །། ཀོ་ནི་རུ་པའི་སྐུ་ཤ།། བྲམ་ཟེ་སྐྱེ་བ་བདུན་པའི་ཤ།། པཎ་ཆེན་ཤཱཀྱང་ཤྲིའི་དབུ་སྐྲ། ལྷུང་བཟེད་དུམ་བུ། བདེ་མཆོག་གི་གྲུབ་ཐོབ་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་ན་བཟའ་དུང་། བས་སོའི་ཐིལ་ལྷམ་གྱི་རས་མ། བོད་ཀྱི་ཡུལ་དུ་སྔོན་བྱུང་བའི་གདོག་ཁྱད་པར་ཅན་རྣམས་ཀྱི་རྟེན་ལ། འཇམ་དབྱངས་ཀྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ན་བཟའི་རས་མ། ལོ་ཙ་བ་བཻ་རོ་ཙ་ནའི་ན་བཟའི་དུམ་བུ་དང་། མཆོད་རྟེན་གྱི་ས། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱ་མཚན་རྣམས་ཀྱི་མཆོད་རྟེན་གྱི་ས། སྣུབས་ནམ་མཁའ་སྙིང་པོས་བསྒྲུབས་པའི་ཨ་མྲི་ཏ། བསམ་ཡས་ལོ་པཎ་ཆོས་བསྒྱུར་བའི་ཁྲིའི་དུམ་བུ། དཔལ་རྒ་ལེའི་ཕྱག་ནས། བོད་ཀྱི་ཡུལ་དུ་ཕྱིས་བྱོན་པའི་གང་ཟག་དམ་པ་རྣམས་ཀྱི་མཆོད་རྟེན་ངོ་མཚར་ཅན་ལ། བྱང་ཆུབ་དེའམ་ཟླ་བ་རྒྱ་མཚན་གྱི་དབུ་སྐྲ། བྱང་ཆུབ་དེའམ་རྔོག་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱི་གདུང་དེའི་བུ་ཆེན་ཞང་གྲོ་ལུང་པ་ཆེན་པོའི་གདུང་། དམ་པ་སོ་ཆུང་བའི་རིང་སྲེལ། འཕགས་པ་ལྕེ་སྒོམ་གྱི་རིང་སྲེལ། ཁྲོ་ཕུ་ལོ་ཙ་བའི་ན་བཟའ། ཆག་ལོ་ཙ་བའི་སྣམ་སྦྱར་དུམ་བུ། རྔོག་ཀུན་དགའི་དབུ་རྒྱན་