R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 128
[A:128] དང་ན་བཟའི་རས་མ། རྔོག་གཟི་བརྗིད་ཀྱི་གདུང་། དབུ་སྐྲ། ར་ཟ་བའི་དབུ་སྐྲ། ཇོ་མོ་ནང་པ་ཞང་ཐུགས་རྗེ་བརྩོན་འགྲུས་ཀྱི་གདུང་། བྱང་སེམས་རྒྱལ་པོའི་གདུང་། བྱ་འདུལ་བ་འཛིན་པའི་གདུང་། མཁན་པོ་རྒྱ་མཚན་པའི་དབུ་སྐྲ། བྲག་བའི་བླ་མ་གྲུབ་ཐོབ་ཆེན་པོའི་གདུང་། ཐུགས་དམ། བླ་མ་ཤུག་གསེབ་པའི་གདུང་། བླ་མ་སྐུ་ཞང་པའི་གདུང་། བླ་མ་མངའ་རིས་པའི་གདུང་། དཔལ་ལྡན་ས་སྐྱ་པའི་བཀའ་བརྒྱུད་ལ། ས་ཆེན་ཀུན་དགའ་སྙིང་པོའི་བདུད་རྩི་རིལ་བུ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གདུང་། ཚ་ཚ། རྗེ་བཙུན་གྲགས་པ་རྒྱ་མཚན་གྱི་སྐུ་མཚལ། བདུད་རྩི་རིལ་བུ། ཆོས་རྗེ་ས་སྐྱའི་པཎ་ཏའི་གདུང་། ཚ་ཚ། འགྲོ་མགོན་འཕགས་པའི་དབུ་སྐྲ། བསྲུང་སྐུད། སྒྲུབས་རིལ། བཀའ་གདམས་ཀྱི་བརྒྱུད་པ་ལ། བླ་མ་གསེར་གླིང་པ། ཇོ་བོ་ཨ་ཏི་ཤ།། འབྲོམ་སྟོན་པ། ཞང་ཤ་ར་བ། སོ་ཏོ་བ། བྱ་འཆད་ཁ་བ་རྣམས་ཀྱི་གདུང་ལས་བཞེངས་པའི་ཚ་ཚ། འབྲོམ་སྟོན་པའི་ན་བཟའ། པོ་ཏོ་བའི་གདུང་། ན་བཟའ། སྣེའུ་ཟུར་པའི་རིང་སྲེལ། ཁམས་པ་ལུང་པ་དང་། ཕུ་ཆུང་བའི་ན་བཟའ། ཤ་བོ་སྒང་པའི་རིང་སྲེལ། ཇ་ཡུལ་བ་ཆེན་པོའི་ན་བཟའ། སྟོད་ལུངས་པ་ཆེན་པོའི་གདུང་། དགྱེར་སྒོམ་དང་། སངས་རྒྱས་དབོན་སྟོན་གྱི་དབུ་སྐྲ། སྣར་ཐང་གི་དཔལ་ལྡན་གྲོ་མོ་ཆེ། སངས་རྒྱས་སྒོམ་བ། སྐྱོ་སྟོན་སྨོན་ཚུལ། འཆིམས་ནམ་མཁའ་གྲགས། བརྩོན་འགྲུས་རལ་གྲི་རྣམས་ཀྱི་གདུང་། མཆོད་གནས་མང་པོའི་རིལ་བུ། རམ་དིང་མ་འབྱུང་གནས་རྡོ་རྗེའི་གདུང་། མཉམ་མེད་དགས་པོའི་བཀའ་བརྒྱུད་ལ། མགོན་པོ་ཟླ་འོད་གཞོན་ནུའི་སྤྲུལ་པ་རྗེ་དགས་པོ་རིན་པོ་རིན་པོ་ཆེའི་ན་བཟའ། དགས་པོ་སྒོམ་