[A:129]
༄༅ པའི་ཕྱགས། བྱང་ཆུབ་སེམས་དཔའ་འོལ་ཀ་བའི་དབུ་སྐྲ། འབབ་རོམ་པ་ཆེན་པོའི་གདུང་། རྗེ་ཁམས་པ་རྡོར་རྒྱལ་གྱི་གདུང་། འབྲི་ཁུང་ཆོས་རྗེའི་གདུང་། དཔལ་སྟག་ལུང་ཐང་བའི་གདུང་། རིང་སྲེལ་འབབ་རོམ་པ་སངས་རྒྱས་གཞོན་ནུ་ཤེས་རབ་ཀྱི་གདུང་། རྗེ་དུས་གསུམ་མཁྱེན་པའི་ན་བཟའ། ཀརྨ་པ་ཤིའི་དབུ་སྐྲ། ཆོས་རྗེ་གཙང་པ་རྒྱལ་སྲས་ཀྱིས་གདུང་། ར་ལུང་པ་ཆོས་རྗེ་གཞོན་ནུ་སེང་གེའི་གདུང་། ཆོས་རྗེ་གོར་རས་པའི་གདུང་། རྒོད་ཚང་པའི་གདུང་། དབུ་སྐྲ། ན་བཟའ། རྒྱལ་བ་ཡང་དགོན་པའི་གདུང་། དབུ་སྐྲ། ཆོས་རྗེ་བ་རིལ་བའི་དབུ་སྐྲ། སྒོ་ཐག །། ན་བཟའ། གྲུབ་ཐོབ་ཨུ་རྒྱན་པའི་གདུང་། ཐུགས་དམ། སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་གདུང་། ཁྱད་པར་དུ་དགེ་འདུན་འཚལ་པའི་བཀའ་བརྒྱུད་ལ། དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་འགྲོ་བའི་མགོན་པོ་རིན་པོ་ཆེའི་རིང་སྲེལ། སྐུ་གདུང་། དབུ་སྐྲ། སྐུ་མཚལ། ན་བཟའ། བཞུགས་གདན། དཔལ་ཤཱཀྱ་ཡེ་ཤེས། དཔལ་ལྷ་ཕྱུག་མཁར་བ། རིན་པོ་ཆེ་སངས་རྒྱས་སྙིང་པོ། རིན་པོ་ཆེ་སངས་རྒྱས་གཞོན་ནུ་རྣམས་ཀྱི་གདུང་། རིན་པོ་ཆེ་གསེར་ཁང་སྟེངས་པའི་གདུང་དང་། སྐུ་མཚལ། རིན་པོ་ཆེ་སངས་རྒྱས་རིན་ཆེན་གྱི་གདུང་། དབུ་སྐྲ། སྤྲུལ་སྐུ་ཤཱཀྱ་འབུམ་དང་། རིན་པོ་ཆེ་བྱང་ཆུབ་དཔལ་བཟང་པོའི་དབུ་སྐྲ། དྲུང་རིན་པོ་ཆེ་དེ་ཉིད་ཀྱི་རྩ་བའི་བླ་མ་རྣམས་ཀྱི་རྟེན་ལ། མཁས་གྲུབ་ཆོས་རྗེ་རིན་པོ་ཆེའི་གདུང་། རིང་སྲེལ། དབུ་སྐྲ། ན་བཟའ། སྒྲུབ་རིམ། ཞང་བསམ་སྡིངས་པའི་གདུང་། དབུ་སྐྲ། སྐུ་མཚལ། རྗེ་བཙུན་གྱི་རྒྱལ་པོ་རི་བོ་པའི་གདུང་། དབུ་སྐྲ། གདུང་ལ་བཞེངས་པའི་ཚ་ཚ། ཐུགས་དམ། གཟུངས་ཐག །། བླ་མ་སུལ་