[A:130]
ཆེན་པོ་རིན་ཆེན་བཟང་པོའི་གདུང་། ཐུགས་དམ། བླ་མ་དགའ་ལྡན་པ་ཀུན་དགའ་བསོད་ནམས་པའི་གདུང་། དབུ་སྐྲ། ཐུགས་དམ། ཆོས་རིན་པོ་ཆེ་རང་བྱུང་རྡོ་རྗེའི་གདུང་། དབུ་སྐྲ། བུམ་རྫས་ཀྱི་རིན་པོ་ཆེ། བླ་མ་དོན་ཞགས་པ་བསོད་ནམས་རིན་ཆེན་གྱི་གདུང་། ཐུགས་དམ། རྟོགས་ལྡན་ཟླ་བ་སེང་གེའི་དབུ་སྐྲ། ཐུགས་དམ། སྐུ་མཚལ། དབུ་སྐྲ། ཕྱག་ལེན། གན་པ་བ་བླ་མ་རཏྣ་དྷ་ཚའི་གདུང་། ཐུགས་དམ། དཔལ་ལྡན་བླ་མ་བསོད་ནམས་རྒྱ་མཚན་དཔལ་བཟང་པོའི་དབུ་སྐྲ། བླ་མ་བྱ་སྡེར་བའི་གདུང་། ཐུགས་དམ། རུས་བརྒྱན། མཁན་ཆེན་ལོ་ཙ་བ་བློ་གྲོས་བརྟན་པའི་གདུང་། ཐུགས་དམ། འཇམ་དབྱངས་ཤཱཀ་གཞོན་པའི་གདུང་། རིང་སྲེལ། སློབ་དཔོན་དོན་གྲུབ་དཔལ་བའི་གདུང་། ཚ་ཚ། ཐུགས་དམ། བླ་མ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་ཐུགས་དམ། ཤར་པ་བླ་མ་ཀུན་དགའ་བསོད་ནམས་ཀྱི་དབུ་སྐྲ། པཎ་ཏ་དབུ་མ་པ་ཏིའི་གདུང་། མཁན་པོ་བསོད་ནམས་དཔལ། མཁན་པོ་ཤེས་རབ་མགོན། མཁན་པོ་གཞོན་བྱང་རྣམས་ཀྱི་གདུང་། རྩ་བ་དང་བརྒྱུད་པའི་དཔལ། དཔལ་ལྡན་བླ་མ་དཀོན་མཆོག་རིན་པོ་ཆེ་དེ་དག་ཐམས་ཅད་ཀྱིས་བྱིན་བརླབས་ཤིང་དབྱེར་མི་ཕྱེད་པའི་ངོ་བོ། དཔལ་ལྡན་བླ་མ་དུས་གསུམ་གྱི་སངས་རྒྱས་དགེ་སྦྱོང་ཆེན་པོ་དེ་ཉིད་ཀྱི་ཚོམས་རེ་རེ། དབུ་སྐྲ་ལས་བཞེངས་པའི་ཚ་ཚ། དབུ་སྐྲ། ཞལ་ཚེམས། ཕྱག་ཞབས་ཀྱི་སེན་མོ། སྐུ་མཚལ། ཐུགས་དམ། ཕྱག་མཚན། དབུ་སྐྲ། ན་བཟའ། སྐུ་དྲགས་ཕྱགས་ལྷམ། ཆིབས་སྒ་ལ་སོགས་ཆ་ཚང་བ་རེ་བཞུགས། རྩ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱི་མཚན་འབུམ་དང་། བདེ་བར་གཤེགས་པའི་གསུང་རབ་བོད་ཀྱི་ཡུལ་དུ་འགྱུར་ཡོད་དོ་ཅོག་ནས་གསུངས་པའི་གཟུངས་