R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 12
[A:12] མི་དཔོན་ཆེན་པོ་མཛད་ནས་བསྟན་པ་དང་སེམས་ཅན་སྤྱི་ལ་ཕན་བཏགས་ཤིང་། དགེ་བཤེས་དགེ་འདུན་འཚལ་པའི་མ་འ་ཐང་དར་རྒྱས་སུ་མཛད་པས་སྐུ་དྲིན་ཆེ་བ། འཇིག་རྟེན་པའི་མི་ཆེན་མཐུ་རྩལ་ཅན་ལྟར་སྣང་ཡང་། དོན་ལ་བསོད་ནམས་དང་སྨོན་ལམ་གྱི་སྟོབས་པ་སྐྱོང་བའི་བསྲུང་མ་ཆོས་སྐྱོང་ཆེན་པོ་དཔལ་མ་ཧཱ་ཀ་ལ་དང་འདྲ་སུ་མེད་པ་དེ་ཡིན། མོ་ཕོ་འབྲུག་ལོ་ལ་དཔོན་ས་མོ་ཉི་ཤུ་རྩ་ལྔ་མཛད། དགུང་ལོ་ལྔ་བཅུ་རྩ་བརྒྱད་ལ་གཤེགས། སྲས་གསུམ་པ་དགེ་གཤེས་རིན་ཆེན་དབང་ཕྱུག་ཅེས་པ་བསླབ་པ་གསུམ་གྱིས་ཡོན་ཏན་མང་པོ་མངའ་བ་ཞིག་ཡོད། མེ་མོ་སྦྲུལ་བ་སུམ་བཅུ་སོ་བརྒྱད་ལ་གཤེགས། དཔོན་ཆེན་དགའ་བདེའི་སྲས་ཆེ་བ། དཔོན་རིན་ཆེན་སེང་གེ་ཅེས་པ། སྐྱེས་བུ་དམ་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ས་ཕོ་སྟག་གི་ལོ་པ། དགུང་ལོ་ཉི་ཤུ་རྩ་ལྔ་ལ་གཤེགས། སྲས་གསུམ་པ་ནི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེ་འདི་ཡིན་ཏེ། ཇི་ལྟར་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཡུམ་གྱི་ལྷུམ་སུ་བཞུགས་པ་ཙམ་གྱིས། ཤཀྱཱ་རྣམས་ཀྱི་དོན་ཐམས་ཅད་གྲུབ་ཅིང་། བཀྲིས་པར་གྱུར་པ་ལྟར། སྐྱེས་བུ་དམ་པ་འདིའང་ཡུམ་གྱི་ལྷུམས་སུ་བཞུགས་པ་ནས་བཟུང་ནས། དགེ་འདུན་འཚལ་པའི་མངའ་ཐང་དར་རྒྱས་འཕེལ་བར་གྱུར་ཏེ། ལྷུམས་སུ་བཞུགས་པའི་དུས་སུ། ཆེན་པོ་དགའ་བདེ་གོང་དུ་བྱོན་པས། སེ་ཆེན་རྒྱལ་པོའི་དྲུང་དུ་མཇལ་འཕྲད་ནན་ཏར་ལེགས། སྔར་རིན་རྒྱལ་ལ་འཚལ་དགུང་ཐང་ལྕགས་རི་གཅིག་གིས་སྦུམས། ལྷ་ཆེན་པོ་ལ་ཁྲི་རྒྱབ་གྱིས་བྲས་པས། ཁོས་མ་གྲུབ། ད་ཁྱོད་ཀྱིས་ངའི་ལྷ་ཁང་དེའི་ཞབས་ཏོག་འབུངས། ཁྱོད་ནང་མི་ཡིན་པས། དགྲ་ཐམས་ཅད་ལེགས་པར་ཐུལ་གསུང་ནས། སྒྲོ་རྐང་གི་མི་