[A:13]
༄༅ ཞུབ་རྟ་ཞུབ་ཆ་གཅིག་གནང་། མི་སྡེ་རྣམས་བར་སྐབས་སུ་འཚལ་མཁན་པོ་ལ་ཤོར་བས། དཔོན་ཚང་བས་འཇའ་ས་གྲུབ། འཇམ་དབྱངས་ཤཱཀྱ་གཞོན་ནུ་དང་། སློབ་དཔོན་དོན་གྲུབ་དཔལ་གསང་ཕུ་ནེའུ་ནས་བྱོན་ཏེ། གུང་ཐང་དུ་མཚན་ཉིད་ཀྱི་བཤད་གྲ་ཆེན་པོ་བཙུགས། ར་མོ་ཆེ་བཞི་སྡེའི་འདུལ་གྲའང་བཙུགས། དེ་ལྟར་གཙུག་ལག་གཉིས་ཀྱི་ཆབ་སྲིད་དར་བར་གྱུར་ནས། འཕགས་པའི་ཡུལ་དུ་ཉི་སྒྲོལ་བྱེད་ཅེས་གྲགས་པ། ཤིང་ཕོ་སྤྲེའུ་ལོ་བོད་ལུགས་ཀྱི་ཡོས་བུ་ཟླ་བའི་ཆེས་བཅོ་བརྒྱད་ཀྱིས་སྔ་དྲོ་དང་པོ་གཟའ་སྐར་དུས་སྦྱོར་བཟང་པོ་ལ་བདེ་བར་སྐུ་བལྟམས་ཏེ། ཡུས་ལའང་ན་ཟུག་ཅུང་ཟད་མ་བྱུང་། དེ་དང་དུས་མཉམ་དུ་བ་བཟང་མོ་གཅིག་ལ་བེའུ་དཀར་མོ་གཉིས་ལྷན་དུ་སྐྱེས་པ་ལ། བསྟན་པ་དཀར་འཇམ་དུ་བཏགས་པ་དང་། ཁ་བ་ཆེན་པོ་ཞིག་བབ་པ་དུས་མཉམ་དུ་བྱུང་། རྟིང་ལ་ཚེ་མཆོག་བྱེད་རེས་ཀྱི་ཁ་ཆར་ཆེན་པོ་བབ། གཞན་ཡང་བཀྲིས་པའི་རྟགས་མང་དུ་བྱུང་ངོ། འགྲོ་མགོན་རིན་པོ་ཆེའི་རྣམ་ཐར་དཀའ་རྒྱ་མར་གསུངས་པ། ང་འདས་ནས་ལོ་དགུ་བཅུ་གོ་སོང་ཙམ་ན། ལོའི་དང་པོ་ནས་ངའི་བསྟན་པ་དར་བར་འོང་། ཞེས་གསུངས་ཏེ། དགུ་བཅུ་གོ་གཅིག་ན། དྲུང་རིན་པོ་ཆ་པ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔ་པ་ཙམ་ནས། སྐུ་ནར་སོན་པའི་ཐུགས་སྟོབས་དང་མཛད་སྤྱོད་མངའ་བས། གདན་སའི་ཕྲིན་ལས་དངོས་སུ་སྒྲུབ་ནུས་པ་བྱུང་བ་དེ་ལལ་དགོངས། རིན་པོ་ཆེ་གསེར་ཁང་སྟོངས་པས་ཡང་ཡང་པང་དུ་བཞེས་ཤིང་། དབུ་ལ་ཕྱག་བྱིལ་བྱིལ་མཛད་ནས། འདི་ས་སྡེ་ཆེན་པོ་འདི་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་ཡོང་བ་ཡིན་གསུངས། བྲག་པའི་བླ་མ་བྱ་ཉལ་བརྩེས་གྲགས་པ་གྲུབ་ཐོབ་ཆེན་པོ་དེ་དང་