R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 11
[A:11] ༄༅ སྔ་ཆེན་པོ་རིན་རྒྱལ་གྱིས། བསྟན་པའི་ཕྲིན་ལས་མ་དགོངས་ཏེ། ཤར་རྒྱ་མཚོའི་འགྲམ་དུ་བྱོན་ནས་དཀའ་བ་སྤྱད། སའི་བདག་པོ་རྒྱལ་པོ་ཆེན་པོ་མཉེས་པར་བྱས། ལུང་ལག་རྟགས་དམ་ཁ། དང་བཅས་པ་བླངས། ཚལ་པའི་ཆབ་སྲིད་གཞུང་མའི་ཐོག་ཏུའང་། ཡར་འབྲོག །། གྷོ་ཤར་ནུབ། བཟད་ཆུ་བུམ། ཁ་རག་བ། འབྲུག་པ། རབ་བཙུན་པ། ཕྱ། ཞོགས། དར་སྤྲས། འབྲོམ་གླང་ཡོར་ཤེས་པའི་ལུང་བླངས། ཚལ་པའི་མི་སྡེ་ཆེན་མོ་ཞེས་པའི་བདག་མཛད། གུང་ཐང་གི་ཁྱག་ཁྲ་རྩིགས། ལྕགས་རི་ཆེན་མོ་བཏང་། སྐུ་དྲིན་དང་ཕྱག་རྗེས་ཤིན་ཏུ་ཆེ་བར་མཛད། ལྕགས་མོ་སྦྲྲུལ་མོ་བ་དགུང་ལོ་བཞི་བཅུ། ཞེ་བཞི་ལ་བསྙེན་བརྫོགས་མཛད། དཔོན་ས་ལོ་ཉི་ཤུ་རྩ་དྲུག་མཛད་པ། དགུང་ལོ་བཞི་བཅུ་ཞེ་བརྒྱད་ལ་གཤེགས། དེའི་སྲས་གསུམ། གཅེན་པོ་དགེ་བཤེས་ཉི་མ་ཤེས་རབ་ཏུ་བྱུང་ཞིང་། བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པའི་དུས་སུ་སེ་ཆེན་རྒྱལ་པོས་སྤྲད་ནས། སློབ་གཉེར་ཉེ་གནས་མཛད། ས་སྐྱའི་ལུགས་ཀྱི་རྒྱུད་གདམས་པ་ཐམས་ཅད་ཐུགས་སུ་ཆུད་ཅིང་། བླ་མ་མཉེས་པའི་ཐུགས་ཀྱི་སྲས། སློབ་མའི་ཐུ་བོར་གྱུར། ཆུ་མོ་གླང་གི་ལོ་ངོ་བཅུ་གཅིག་ཏུ་དཔོན་མཛད། དགུང་ལོ་ཉི་ཤུ་རྩ་བདུན་ལ་གཤེགས། དེའི་གཅུང་པོ་འཚལ་པ་དགའ་བདེ་དཔལ་ཞེས། རྒྱ་བོད་ཧོར་གསུམ་དུ་གྲགས་པ་ཐོབ་པ་གདན་ས་རིན་པོ་ཆེའི་ཞབས་ཏོག་ཏུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་སྤྱད་ཅིང་། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཁེལ། ཆོས་ཁྲིམས་དར་གྱི་མདུངད་པ་ཐེབས། གོང་མའི་ཐུགས་ཟིན། འོག་མའི་འབངས་ནོན། ཕྱིའི་དགྲ་ཐུལ། ནང་གི་གཉེན་འཁྱོངས། སེ་ཆེན་རྒྱལ་པོའི་དྲིན་གྱིས་