R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 131
[A:131] ༄༅ མཁན་ཆེན་བུ་སྟོན་ལ་སོགས་མཁས་པ་རྣམས་ཀྱིས་ཞུས་དག་བྱས་ནས། ཤིན་ཏུ་དག་ཅིང་གསལ་ལ་གོ་རིམས་མ་ནོར་བར་སྡེབས་པའི་གླེགས་བམ་གསེར་ལས་བཞེངས་ནས། གནས་ཐ་དད་དུ་གནོད་སྦྱིན་པ་མོའི་འཁོར་ལོ་དང་བཅས་པ་སོ་སོར་ཚང་ཞིང་སངས་རྒྱས་པར་བཞུགས། དྲུང་རིན་པོ་ཆེ་དེ་ཉིད་ཀྱིས་སྔོན་རྩ་བའི་བླ་མ་རྣམས་ལ་དབང་ཞུས་པ་དང་། ཉིད་ཀྱིས་སློབ་མ་དབང་བསྐུར་བ། སྒྲུབ་མཆོད། སྦྱིན་སྲེག །། རབ་ཏུ་གནས་པ་མཛད་ཚད་ཀྱིས་དཀྱིལ་འཁོར། རྡུལ་མཚོན། བུམ་ཆུའི་རིལ་བུ། བྱིན་བརླབས་ཀྱི་ནས་སྣ་ཐེམ་པར་བཞུགས། རབ་གནས་ཀྱི་དུས་འདིར། དབུས་གཙང་གི་བླ་མ་དགེ་བའི་བཤེས་གཉེན་མཁས་གྲུབ་སྐྱེས་བུ་དམ་པ་ངོ་མཚར་བྱིན་བརླབས་དང་ལྡན་པ་ཐམས་ཅད་ལ་ཞུ་བ་དང་མེ་ཏོག་བསྐུར་ནས། ཐུགས་དམ་གྱིས་བྱིན་གྱིས་བརླབས་ཤིང་བཀྲིས་གསོལ་བའི་མེ་ཏོག་སྣ་མང་བར་བཞུགས། མཆོད་རྫས་རིན་པོ་ཆེ་སྨན། འབྲུ། ཤིང་ཐོག་ལ་སོགས་ཟས་ཀྱི་བྱེ་བྲག །། རྩི་བཅུད། མེ་ཏོག །། དྲི་བཟང་པོ། དར་ཟས་ཀྱི་ན་བཟའ། ཅོད་པན། བཀྲིས་པའི་རྫས་རྣམ་པ་སྣ་ཚོགས་པ་དང་བཅས་པ་གྱ་ནོམ་པར་བཞུགས་ལ་ལགས། འདི་ཐམས་ཅད་རྟེན་བཞི་པོ་འདི་ན་ཚང་བར་བཞུགས་ཤིང་། རྟེན་གཞན་ཐམས་ཅད་ཕལ་ཆེར་ཁྱད་པར་བགྱིས་བདག་གོ། དེ་ལྟར་ཡེ་ཤེས་སེམས་པ་ཁྱད་པར་དུ་བཞུགས་པ་ལྔ་བཅུ་རྩ་བཞི། ཐུན་མོང་དུ་བཞུགས་པ་ཉིས་བརྒྱ་བདུན་བཅུ་རྩ་བདུན། ཀུན་དྲིལ་བས་རྟེན་གྱི་རྣམས་གྲངས་སུ་སངས་རྒྱས་སུམ་བཅུ་སོ་གཅིག་བཞུགས། ནང་རྫོངས་ཀྱང་ཕུན་སུམ་ཚོགས་གདའ། ནང་རྫོངས་ཀྱི་དབུ་སྐྲ་བཞུ་ནུས་ཚ་ཚ་འདེབས་ཉིན་མེ་ཏོག་ཆར་བབས། སྐུ་འདྲ་གཉིས་ཀྱི་