R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 134
[A:134] གྲུབ་པ། བཀྲིས་ཕུན་སུམ་ཚོགས་པ་གྲུབ་པས། ཇི་སྲིད་འཁོར་བ་གནས་ཀྱི་བར་དུ། སེམ་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་རྟེན་མཆོག་ཏུ་གྱུར་པ་རྣམས་བརྟན་པར་བཞུགས་པ་ལགས། དེ་ལྟར་ཁྱེད་ཀྱི་???????????བདག་སོགས་འགྲོ་རྣམས་ཁྱེད་ཀྱི་རྣམ་ཐར་གྱི། རྗེས་སུ་འཇུག་ཅིང་ཉིད་མཚུངས་ཐོབ་པར་ཤོག །། ཁྱོད་ཀྱི་བརྒྱུད་འཛིན་ཕྲིན་ལས་སྒྲུབ་པ་རྣམས་དང་། ལུས་ངག་ཡིད་གསུམ་དགེ་བའི་སྟོབས་འཕེལ་ནས། བསྟན་དང་འགྲོ་ལ་ཕན་པའི་དོན་འགྲུབ་ཤོག །། དུས་རྣམས་ཀུན་ཏུ་ཁྱོད་ཀྱི་ཐུགས་རྗེ་ཡིས། ཡེ་ཤེས་གཟིགས་པའི་སྐྱབས་དང་མི་འབྲལ་ཞིང་། ནུས་མཐུ་ཕྲིན་ལས་བདེན་པའི་བྱིན་བརླབས་ཀྱིས། བྱིན་གྱིས་བརློབ་ཅིང་རྗེས་སུ་འཛིན་པར་ཤོག །། རྣམ་སྣང་ཆེན་པོར་འོག་མིན་ཞིང་ཁམས་སུ། ཁྱོད་སྔོན་རྫོགས་སངས་རྒྱས་ཚེ་བདག་ཅན་རྣམས། ཞལ་བཞེས་ཇི་བཞིན། སྒྲིབ་པ་ཀུན་བཅོམ་ནས། ཁྱོད་དང་དབྱེར་མེད་བྱང་ཆུབ་མཆོག་ཐོབ་པར་ཤོག །། དཔལ་ལྡན་བླ་མའི་ཆོས་ཀྱི་སྐུའི་རྣམ་པར་ཐར་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཐའ་ཡས་ཀླས་པའི་ཕྱིར། ཇི་སྙེད་པའི་ཆུ་ཁམས་ཀྱི་རྒྱ་མཚོ། ཆེན་པོ་ལྟ་བུའོ། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་ཐར་པ་ནི། རྒྱ་ཆེན་པོའི་ཆོས་ཀྱི་ས་གཞི་ཆེན་པོའི་རྟེན་དུ་གྱུར་པའི་ཕྱིར། འོག་ཏུ་ཆུའི་དཀྱིལ་འཁོར་ཆེན་པོའི་རྒྱ་མཚོ་ཆེན་པོ་ལྟ་བུའོ། སྤྲུལ་པའི་སྐུ་རྣམ་པར་ཐར་པ་ནི། གདུལ་བྱའི་གླིང་ཐམས་ཅད་དུ་ཉེ་བར་སོང་བའི་ཕྱིར། ཁོར་ཡུག་བ་ཚ་ཅན་གྱི་རྒྱ་མཚོ་པོ་ལྟ་བུའོ། དེ་ལས་འདིར་བརྗོད་པ་ནི་