R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 135
[A:135] ཆུ་ཐིགས་ཙམ་སྟེ། སྐྲའི་རྩེ་མོའི་ཁྱོན་ཙམ་བློ་གྲོས་སྐལ་བ་དང་འཚམ་པར་བླངས་པའི་ཕྱིར་རོ། སྐུ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་དགེ་སྦྱོང་རྡོ་རྗེ་འཛིན་རྣམ་པར་པ་བསྟོད་པ་འདི། སྐྱབས་གནས་རིན་པོ་ཆེ་དེའི་ཐུགས་རྗེའི་ཕྲིན་ལས་ཀྱིས་བསྐྱེད་པའི་བུ་ཐ་མ། བསོད་ནམས་ཅུང་ཟད་ཀྱང་མ་མཆིས་ཤིང་། དམ་པའི་ཆོས་ཀྱི་སྐལ་བ་མེད་ལ། སྡིག་པ་དང་སྡུག་བསྔལ་འབའ་ཞིག་གིས་མི་ཚེ་བསམ་པར་གྱུར་པ། འོན་ཀྱང་ཡབ་དྲིན་ཅན་དང་དངོས་སུ་བཞུགས་པའི་སྐུ་སྐྱོབས་ཀྱིས་བུའི་མི་ཚེ་འཁྱོལ། བུ་སྒོ་གསུམ་གུས་པའི་ཞབས་ཏོག་གིས་ཡབ་ཀྱི་སྐུ་ཚེ་འཁྱོལ། དུས་ཐ་མའི་ཞབས་ཏོག་པའི་རྣམས་དང་བཅས་པ་གྲུབ་པ་ཙམ་ཞིག །། དལ་འབྱོར་གྱི་སྙིང་པོར་གྱུར་པ། ཨ་ནནྟ་བཛུ་ཞེས་པ་ལ། དཔལ་ལྡན་རྒྱལ་བའི་སྲས་ལགས་ཀྱི་བཤེས་གཉེན་གྱིས་བསྐུལ་བའི་ཕྱིར། བདེ་བར་གཤེགས་པའི་ཟླ་དུས་ལྔ་པའི་ཉིན་མོ་ནས་བརྩམས་ཏེ། གསོལ་བ་བཏབ་ནས་སྐུ་བཞིའི་རྟེན་ལེགས་པར་གྲུབ་པའི་རབ་ཏུ་གནས་པའི་ཉིན་མོ་རྫོགས་པར་གྱུར་པ་ཡིན་ནོ། དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས། དཔལ་ལྡན་བླ་མ་དུས་གསུུམ་གྱི་སངས་རྒྱས་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐུགས་རྗེའི་བྱིན་གྱིས་བརླབས་བདག་ཅག་གདུལ་བྱའི་རྒྱུད་ལ་རྟག་ཏུ་ཞུགས་ནས། བདག་གི་སྐལ་བ་ངན་པའི་བྱུར་ཤལ་གྱིས། བླ་མའི་ཕྲིན་ལས་ནུབ་པར་མི་འགྱུར་བར། བཀའ་བབས་ཀྱི་བརྒྱུད་པ་དམ་ཚིག་གིས་ཟིན། དམ་ཆོས་ཀྱི་བརྒྱུད་པ་ཉམས་ལེན་གྱིས་ཟིན། བྱིན་བརླབས་ཀྱི་བརྒྱུད་པ་མོས་གུས་ཀྱིས་ཟིན། ཕྲིན་ལས་ཀྱི་བརྒྱུད་པ་རྣམ་ཐར་གྱིས་ཟིན་པར་