[A:23]
༄༅ བསྐོས་ནས། ཡབ་མེས་ཀྱིས་གཟུང་བའི་གསེར་ཡིག་ནོར་བུ་གཉིས་པ། ཀླུ་དབན་ཧུ་གྷུན་མིན་ཛུང་གོན་གྱི་དངུལ་གྱི་དམ་ཁ་དངུལ་ཡིག་སྒོར་མོ་དང་བཅས་པ་གནང་། དགུང་ལོ་ཉི་ཤུ་པ། ཆུ་མོ་ཡོས་ཀྱི་ལོ་ཟླ་བ་བཅུ་པའི་དུས་ཚོད་ཚེས་གྲངས་བཟང་པོ་ལ། རིན་པོ་ཆེ་སྤྲུལ་སྐུ་ཤཀྱཱ་འབུམ་གྱིས་ཐོག་ཏུ་དྲངས། མཚལ་པ་ཐམས་ཅད་ཀྱི་དཔོན་སར་དབང་བསྐུར་ནས་གུང་ཐང་བྱེ་ཐང་ལ་ཆེ་འདོན་བྱས། དེའི་ཕྱི་ལོ་ས་སྐྱར་བྱོན། གདན་ས་ཆེན་པོའི་བཀའ་གྲེས་པ་ཐམས་ཅད་ཀྱིས་བཀུར་སྟི་ཆེན་པོོོོ་མཛད་ཐུགས་མ་བཏགས། དགུང་ལོ་ཉི་ཤུ་རྩ་ལྔ་པ། ས་ཕོ་སྤྲེའུ་ལོ་ལ་དགུ་ལུག་རྒྱལ་པོ་ཁྲི་ཐོག་ཏུ་བྱོན་པའི་མཇལ་འཕྲད་ཉིན་ཕོ་བྲང་ཆེན་པོའི་གཡས་ཕྱོགས་ཆེན་ཧང་གྱང་གི་ཕོ་བྲང་དུ། མིའི་དབང་པོ་གུ་ལུག་རྒྱལ་པོས། བླ་མ་ཐར་སྟོན་ལ་ཆོས་ཀྱི་འོད་ཟེར་བས་ལོ་ཙ་བྱས་ནས། དབང་བསྐུར་ཞུ་བའི་ཚོགས་གྲལ་དུ་མཇལ། ཞིང་གི་མི་ཆེན་ཐོག་མཐའ་ཆིངས་པ་དང་། སོན་ཆིང་དབེན་གྱི་ཐུ་གལ་ཐི་མུར་ཆིང་སང་གིས་གྲོགས་དན་བྱས། བླ་མ་རྣམས་གཉིས་དང་། རྒི་ནི་ཆིང་ས་ལ་སོགས་བློན་པོ་ཆེན་པོ་གཞན་གྱིས་ཀྱང་མཐུན་འགྱུར་བརྗོད་པས་ཤིན་ཏུ་མཉེས་པར་བྱུང་། འཚལ་པ་སྨོན་ལམ་རྡོ་རྗེས་མགོ་བྱས། བོད་ཀྱི་མཇལ་འཕྲད་པ་ཐམས་ཅད་མ་འགོར་བར། ཞུ་བ་གང་འདུག་ཐམས་ཅད་བསྒབས་ལ། མྱུར་པར་བསློངས་གསུང་བའི་ལུང་བྱོན་ནས། བོད་ཀྱི་ཞུ་བ་པོ་མང་པོ་ཞེར་ལ་བརྒྱ་བ་