[A:22]
འཇམ་རྩུབ། ཐུགས་ཀྱི་འཕྲུལ་བག་རང་གན་ལ་ལ་མི་གནོད་ཅིང་ཅི་ལྟར་ཕན་པར་གྱུར་བ། མཛད་པ་ཐམས་ཅད་དོན་ཆེན་པོ་དང་ལྡན་པ་ཡིན་ནོ། རྣམ་ཐར་འདི་ལྟ་བུ་དང་ལྡན་པ་ལ་སྐྱོན་མེད་ཡོན་ཏན་སྡོགས་པ་ཞེས་གདག་ཏུ་རུང་ངོ། དེ་ལྟ་བུའི་སྐྱེས་ཐོབ་དང་ལེགས་པར་སྦྱངས་པའི་ཡོན་ཏན་རྨད་བྱུང་དུ་བྱུང་བ་དང་ལྡན་པར་སྐྱེ་བོ་ཀུན་གྱིས་ཤེས་པས། དམ་པ་རྣམས་ཀྱིས་ཆེན་པོར་ཀུན་བསྐྱངས་པས་ཀུན་གྱིས་བསྟོད་ཅིང་བཀུར། བསྟན་སྐྱོང་བ་དྲན་པའི་བསྟན་པའི་རྩ་ལོག་ཕྱག་འཚལ་ལོ། བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་རྣམས། ཆོས་ཀྱི་རྗེས་སུ་འབྲེང་བའི་གང་ཟག་དམ་པ་རྣོན་པོ་རྣམས་ཀྱིས་ལེགས་པར་བརྟགས་པས། སྐུ་ཆེ་བའི་ཡོན་ཏན་ལེགས་པར་རྟོགས་ཏེ། སྐྱེས་བུ་དམ་པ་ཡིན་པར་ངེས་ཤིང་། དེ་དག་གིས་བསྟོད་ཅིང་བསྔགས་པས། དད་པའི་རྗེས་སུ་འབྲང་བའི་གང་ཟག་ཕལ་མོ་རྣམས་རྣམས་ཀྱང་པའི་ཆོས་ཏེ། སའི་སྟེངས་ཐམས་ཅད་དུ་སྙན་གྲགས་པས་ཁྱབ་པར་གྱུར། དེའི་རྒྱུན་དང་། སྔོན་གྱི་རྒྱུ་མཚན་གྱིས་སའི་བདག་པོ། མིའི་དབང་པོ། རྒྱལ་པོ་ཆེན་པོ་བརྒྱུད་པ་བློན་པོའི་ཚོགས་དང་བཅས་པ་རྣམས་ཀྱིས། སང་གི་བུ་བཞིན་བསྐྱངས་ཤིང་རིམ་པར་ཐུགས་མ་བཏགས་ནས། འཇིག་རྟེན་གྱི་གོ་འཕང་ཆེན་པོར་དབང་བསྐུར་ཏེ། དགུང་ལོ་བཅུ་བཞི་པའི་དུས་སུ་མེ་རག་ས། ཟུང་དཀར་བོར་གཞིས་ཀ། བྱེ་ཞིང་གོ་དོན་ལ། སེ་ཆེན་རྒྱལ་པོས་འཇའ་སར། དྲུང་གི་མཚན་ཚུད་པ་བྱུང་། དགུང་ལོ་བཅོ་བརྒྱད་པར་ལྕགས་མོ་གླང་ལ། ཨོལ་ཇ་དུ་རྒྱལ་པོའི་ལུང་དང་། བླ་མ་གྲགས་པ་འོད་ཟེར་བྲིས་པའི་བཀའ་ཤོག་གིས། དྲུང་པ་འཚལ་པ་ཁྲི་བསྐོར་གྱི་དཔོན་ལ