[A:24]
གྲུབ། ཚེས་བརྒྱད་པ་གན་ཆུང་བའི་ཕ་བྲང་དུ། བླ་མས་གཙུག་གཏོར་གྱི་ཆོ་ག་མཛད་ནས། གདུགས་དཀར་བསྐོར་དུས་སུ། ཐ་ཧྲུའི་དྲུང་དུ་མཇལ། མི་ཆེན་དགེ་འདུན་གྱིས་གྲོགས་བྱས་ནས་རྒྱུ་མཚན་ཞུས་པས། མཉེས་མཉེས་ཆེན་པོ་མཛད། ལུས་བཟང་པོ་མང་དུ་བྱོན། རོལ་མོ་བལྟ་བ་ལ་སློབ་དཔོན་ཆེན་པོ་རྣམས་ཀྱིས་གྲལ་ལ་བཞག །། རྙིང་མ་གའོ་ལེན་ཧྭ་རུ། བླ་མ་ལ། ཐའི་ཧྲུས་དབང་ཞུས་པའི་སར་མཇལ། ཨམ་བུ་་་་་་ཞིབ་མོ་བྱས་པས། ལྷ་ས་མུན་ཐང་གི་མར་མེའི་གསོས་དང་། དཔོན་དགའ་བདེ་ལ་དངུལ་བྲེ་དང་གོས་དར་གྱི་གནང་སྦྱིན། དྲུང་དཔོན་གཡོག་རྣམས་ལའང་། དངུལ་བྲེ་དང་གོས་དར་གྱི་གནང་སྣང་སྦྱིན་མང་པོ་བྱུང་། རྒྱལ་བུ་གེ་གེ་ཆུ་དང་། རྒྱལ་བུ་ཡེ་སུན་ཐི་མུར་ཅན་དབང་ལ་སོགས་རྒྱལ་བརྒྱུད། བུ་མོ། དམག་པ། མི་དཔོན་ཆེན་པོ་ཐམས་ཅད་དང་། བླ་མ་སངས་རྒྱས་དཔལ། ཏི་ཤྲི། བློན་པོ་ཆེན་པོ་ནམ་མཁའ་རྒྱན། གུ་བྲི་ལ་སོགས། སློབ་དཔོན་རྣམས་དང་བཅས་པ་ཐམས་ཅད་ཀྱིས་གནང་སྦྱིན་དང་ཐུགས་འདོགས་ཆེན་པོ་མཛད། འཇའ་ས། བཀའ་ཤོག །། ཨི་ཇི། ཅཧུ་གང་དགོས་གྲུབ། ཡར་ལ་རྒྱལ་བུ་ཆོས་དཔལ་དང་མཇལ་ནས་ཐུགས་ལ་བཏགས། རྒྱ་ཡུལ་མདོ་སྟོད་སྨད། བྱུང་རྒྱུད་ཀྱི་མི་དཔོན། ཡོན་ཏན་བདག་ཐམས་ཅད་ཀྱི་ཞབས་ཏོག་འབད་པ་བཏོན་ནས་ཟླ་བ་བརྒྱད་པའུ་ཆེས་ལྔ་ལ། སྐུ་འཁོར་རྣམས་སྐུ་ཁམས་བཟང་པོར་གདན་ས་