[A:25]
མེ་ཡོས་ལ། བུ་ཡན་དུ་རྒྱལ་པོས་ཐུགས་ལ་བཏགས་ནས། དྲུང་ནས་དབུས་པ་སྤྱིའི་སྟེང་དུ། ཀླུ་ད་རུ་ག་ཆེ་ལ་བསྐོས་ནས། གསེར་ཡིག་ནོར་བུ་གསུམ་པ་དམ་ཁ་གནང་བའི་འཇའ་ས་དང་། གཞན་ཡང་ལུང་བཟང་པོ་བྱུང་། འདམ་དུ་དཔོན་ཆེན་འོད་ཟེར་སེང་གེ་བས་གཙོ་མཛད་མི་དཔོན་ཐམས་ཅད་འཛོམས་པ་ལ་ལུང་བསྟན་ས་ལི་ཤང་མཛད། མེ་ལོ་འབྲུག་ལོ་ལ། རིགས་ལྔ་དང་རུ་ག་ཆེའི་ལག་ནས། ཀླུ་པའི་དངུལ་གྱི་དམ་ཁ་ལེན་པའི་ཙ་ཧྲུ་དང་། གུང་ཐང་གི་ལྷ་ཁང་དུ་གཏོར་མ་ལ་གསེར་བྲེ་གཅིག་གི་གནང་སྦྱིན་བྱུང་། ས་མོ་ལུག་གི་ལོ་ལ། གོང་མ་ལུང་གིས། སྒོས་ཀྱི་ལྷ་ཁང་དུ་སེ་ཆེན་རྒྱལ་པོའི་སྐུ་འདྲ་སྐྱེལ་བ་ལ། ལོ་བི་གཡིབ་བུ་ཆིང་དང་། དབེན་ཇུམ་གཞོན་ནུ་རྒྱལ་མཚན་བཏང་བྱུང་། ཆུ་རགས་ཀྱི་གསོབ་ལ་དངུལ་བྲེ་བ་བཞི་བཅུ། དྲུང་དུ་གོས་དར་དགུ་ཚན་དགུའི་གནང་སྦྱིན་བྱུང་། ལྕགས་མོ་སྤྲེའུ་ལོ་ལ། རྒྱལ་བུ་ཆེན་པོ་ཆོས་དཔལ་བྱོན་ནས། སེ་ཆེན་གྱི་སྐུ་འདྲའི་དྲུང་དུ་མེ་རྒྱུན་འབར་བཙུགས། སྐོང་རྒྱགས་ལ་སྟག་ཚང་གི་རུ་བ་གནང་། གསེར་གྱི་མདྲལ་ཤོལ་སྤྱད། གསེར་སྤྱད་མང་པོ་ཕུལ། དྲུང་དུ་དབུ་ཞྭ། ན་བཟའ། གསེར་སྲང་ལྔ་བཅུ་ལས་བསྟུམས་པའི་སྐེ་རགས་གཡུ་རྙིང་འཕྲ་བཅུག་པ། ཆིབས་སྒ། ཨག་རྟ་འོལ་ཁྲ་བཟང་པོ་གནང་། སྐུ་མཆེད་ལྟ་བུར་འགྲོགས་ཤིང་ཐུགས་ལ་འདོགས། དེ་ལོ་ལྷ་ཁང་གི་ཞབས་ཏོག་ལ། དངུལ་ཡིག་སྒོར་མོ་གཅིག་གོང་ནས་གསར་དུ་གནང་། ཐའི་ཧྲུས་ཏའི་རུར་ཨེར་ཀ་འུན་འཛུ་ཀའི་ཁང་པ་ཆའི་བྲེ་སྟོང་ཕྲག་པ་བཞིས་ཉོས་