R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 26
[A:26] ནས། སློབ་དཔོན་བཀའ་གཅིག་ལ་གནང་སྟེ་མཚལ་སྲེ་བྱས། རྒྱལ་པོ་ཆེན་པོ་སོདྷི་ཁྲི་ཐོག་རུ་བྱོན་པའི་མགོན་གཏོར་བ་ལ། གུང་ཐང་དུ་གསེར་བྲེ་གཅིག་གི་གནང་སྦྱིན་བྱུང་། ཨུ་རུག་ཐི་མུར་ཅི་དབེན་ཡོངས་འདུས། ལྷ་ས། ར་མོ་ཆེ། གུང་ཐང་གསུམ་དུ་གན་པའི་ན་ཕྱིས་ཀྱི་འཕན་དང་། མར་མེ་རྒྱུན་འབར་བྱུང་། དགུང་ལོ་སུམ་བཅུ་སོ་དགུ་པའི་དུས་སུ། གེ་གན་རྒྱལ་པོས་ཐུགས་ལ་བཏགས་ནས། ཤ་རི་དུ་དབེན་ཤྭའི་མཚན་དང་། པྭན་ལྦུ་གཙང་གུན་གྱི་ཟོན་གནང་། ཐའི་ཧྲོུས། སེ་ཆེན་གྱི་སྐུ་འདྲའི་དྲུང་དུ་དངུལ་བྲེ་ལྔའི་སྤྱད་པ། ཐོ་མོག་གཉིས་དང་། དངུལ་བྲེ་ཉི་ཤུ་དང་། གོས་ཕྱི་ནང་བཅུའི་གནང་སྦྱིན་བྱུང་། སྤྱིར་རྒྱལ་པོ་ཆེན་པོ་སིདྷི་ཕ་ལ། འཚལ་ས་ལ་ནང་མི་ཡིན། གསུམ་ནས་ཐུགས་ལ་འདོག །། ཁྱད་པར་དུ་དྲུང་རིན་པོ་ཆེའི་མཛད་སྤྱོད་ཞིབ་མོར་གསན་པས་ཤིན་ཏུ་མཉེས་ཏེ་མཇལ་བར་བཞེད་ནས། དཔོན་ཆེན་འོད་ཟེར་སེང་གེ་དང་ལྷན་དུ་མཇལ་ཕྲད་ལ་ཤོག་གསུང་བའི་སྦོལ་ཁ་དང་། གསེར་ཡིག་སྒོར་མོ་བསྐུར་ནས། གསེར་ཡིག་པ་ཡོངས་སུ་སྦོ་ཁ་དང་། སང་གྷ་ཏ་གཏང་བྱུང་། དྲུང་ནས་སྐུ་འབྲུམ་མ་ཐར་བ་དང་། སྐུ་ལུས་ལྕི་བས་གོང་དུ་བྱོན་ན་སྐུ་ཚེ་བར་ཆད་དུ་འགྱུར་སྲིད་པས། ཞལ་ཆིབ་ཏུ་མཇལ་འཕྲད་ལ་བདག་ཅག་ཕྱིན་ན་མཐད་སར། སྐུ་ཞང་གྲགས་པ་རྒྱ་མཚན་དུ་དབེན་ཤས་གཙོ་བྱས་གཉེན་འདུན་དང་། འཚལ་པ་སྤྱི་ཁ་འཆམ་ཞིང་། བདག་རང་ཡང་ན་སོ་ཕྲ། སྒོ་གསུམ་ལ་ཡོན་ཏན་མེད་ཀྱང་འདི་ཙམ་གྱིས་ཀྱང་། དྲུང་རིན་པོ་ཆེའི་ཞབས་ཏོག་ཏུ་འགྱུར་ན་ཅིའི་ཕྱིར་མི་སྒྲུབ་