[A:27]
༄༅ སྙམ་པའི་བློ་སྐྱེས་ནས། ལོ་བཅུ་པ་ལ་དཔོན་ཆེན་སའི་ཕྱགས་ཕྱི་མ་གོང་དུ་མཇལ་ཕྲད་ལ་ཕྱིན། ལམ་སྒྲོགས་དཀའ་ཞིང་ཐག་རིང་། ཚ་གྲང་དང་ངལ་དུབ་ཆེ། ལུས་སེམས་ཀྱི་སྟོབས་དང་བྱ་བའི་མཐོང་གོས་ཅི་ཡང་མེད་ནའང་། སྐྱབས་གནས་རིན་པོ་ཆེ་དེ་ཉིད་ཀྱིས། ཐུགས་ཀྱི་དགོངས་པ་གཏད་ཅིང་། བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་ཀྱི་ངང་ནས་བྱིན་གྱིས་བརླབས། གཞི་མ་དཀོན་མཆོག་གསུམ་གྱི་བདེན་སའི་སྟོབས་བསྐུལ་བའི་རིམ་གྲོ་བསམ་གྱི་མི་ཁྱབ་པ་མཛད་པའི་ནུས་མཐུ་དང་། བྱེས་སུ་ཡང་རྒྱ་བོད་ཀྱི་མི་ཆེ་ཆུང་གང་ཡང་། དྲུང་རིན་པོ་ཆེ་ལ་མི་བསམ་པ་མེད། འཚལ་པ་ལ་མ་ཟོས་པ་མེད་པའི་ཡོན་ཏན་གྱིས་ཐམས་ཅད་ཀྱིས་ཕན་འདོགས་དང་མཐུན་བྱས་ཤིང་། ཁྱད་པར་དུ་དཔོན་ཆེན་པས་བུ་བཞིན་དུ་ཉ་ར་མཛད། གོང་ནའང་། སློབ་དཔོན་ཆེན་པོ་བཀའ་བཞི་བས་མཛད་འཚལ་པའི་བན་སྔགས་བཟང་ལ་མང་བ་ཡོད། ཐའི་ཧྲི་ཡའ་སྲས་ལ་སོགས་འཚལ་པའི་ཡོན་བདག་བཟང་པོ་རྣམས་ཀྱིས་བདག་གཉེར་བྱེད་པའི་དོན་གྱིས། གཞི་བྱེས་ལམ་གསུམ་དུ་བར་མ་བྱུང་ཞིང་། སའི་བདག་པོ་རྒྱལ་པོ་ཆེན་པོ་དང་། ཐའི་ཧྲོང་ཐའི་ཧྲུ་བྱུང་ཆུབ་སེམས་མ་ལ་མཇལ་འཕྲད་ལེགས། སྤྱན་གྱི་འབྲས་ལྟར་བརྩེ་བ་མཛད། དྲུང་དུ་བཞག །། ཕྱག་གིས་རེག །། གསོལ་རས་གནང་། མཉེས་པའི་ལུང་མང་པོ་བྱོན། སྡོད་པའི་རྒྱུགས། འགྲོ་བའི་འུ་ལག །། ཕྲལ་མཁོའི་གོས་གསེར་བྲེ། དངུལ་བྲེ། གོས་དར། ཆའི་བྲེ་སྟོང་ཕྲག་ལ་སོགས་སྐྱེས་མའི་གནང་སྦྱིན། གང་ཞུས་ཀྱི་ལུང་། ཅི་དང་ཅི་རེ་བ་ལས་ལྷག་པ་ཐུགས་ལ་བཏགས། བླ་མ་ཆེན་པོ་ཏའི་དབེན་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱ་