R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 29
[A:29] བླ་མ་ཆེན་པོ་ས་ལ་མཆོད་པ་གཅིག་དྲོངས་ལ། སྨོན་ལམ་རྡོ་རྗེས་ཚབ་གྱིས་ལ། བླ་མ་ལ་ཅེན་དྲོངས་གསུང་བའི་ལུང་བྱོན་ནས། གསེར་བྲེ་གཅིག །། ཤིང་ཐོག་ཟ་སྣ་ཚང་མ། ཆང་དཀར་རྒྱུའི་འབྲས་འཇག་སུམ་བཅུ། ཆང་མ་དང་བཅས་པ་བྱུང་། ཟླ་བ་དགུ་པའི་ཉི་ཤུ་བདུན་ལ། སེ་ཆེན་གྱི་སྐྱེས་དུས་ཡིན་ཟེར་ནས། སྐུ་འདྲའི་ཕོ་བྲང་དུ་མཆོད་པ་བཏེག །། ཐོག་མར་གསེར་ཡིག་པས་ལུང་བསྒྱུར་ནས། དྲུང་ནས་ཅེན་དྲངས་པ་ལ། གོང་མས་གནང་བའི་ཅེན་ཡིན་པའི་དོན་ལ། བླ་མ་ཆེན་པོས་བཞེངས་ནས་གསོལ། དེའི་རྟིང་གསེར་ཡིག་པ་རྣམས་ཀྱིས་རིམ་པ་དྲངས། བླ་མ་ཆེན་པོས་ཀྱང་ཐུགས་ལ་བཏགས། དེ་ནས་དབུས་པ་སྤྱི་དཔོན་གྱི་ལས་ཀ།། གོང་དུ་འདབ་ཏུ་བཏང་ནས། དམ་ཁ་མཛད་དུ་གཏད་ཅིང་། གསེར་ཡིག་བཟུང་ནས། ལྷ་སའི་ལྷ་ཁང་གི་ཞབས་ཏོག་གིས་གསུང་བའི་འཇའ་ས། ལྕགས་མོ་ལུགས་ལོ་ལ་སློབ། ཆོས་ཀྱི་རྗེ་རིན་པོ་ཆེ་ཀརྨ་པས། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཐོ་གོན་གྱི་མུར་ཞལ་བཞུགས་པ་མ། བསྟན་པ་དང་བོད་སྤྱིའི་རྒྱུ་མཚན་གསུང་གླེང་མང་དུ་བྱུང་བའི་ཞར་ལ། དྲུང་ཆེན་སོ་བའི་སྐུ་ཆེ་བའི་ཡོན་ཏན་རྣམས་གསུང་བྱོན་པ་ལ་བརྟེན་ཅིང་། བློན་པོ་ཆེན་པོ་ཡན་ཐའི་ཤྲིས་དོ་དམ་བྱས། དྲུང་གནས་བསྟན་པ་བྱ་བ་དང་། སྨོན་ལམ་འདེབས་པ་ལ་འབད་ཐོན་གསུང་ནས། སི་ཏུའི་མཚན་དང་། ཕིང་གཅིག་པའི་དངུལ་གྱི་དམ་ཁ་བང་རིམ་གསུམ་པ། ཞིང་དབེན་ཐའི་གི་དམ་ཁ་དང་མཉམ་པ་ཐུགས་ལ་བབ་འདུག་ཅིང་། ཤིང་མོ་ཕག་གི་ལོ་ལ། ཆོས་རྗེ་རིན་པོ་ཆེ་ཕྱགས་ཕེབས་ནས། ཟླ།