[A:30]
བཅུ་གཅིག་པའི་ཚེས་བཅུ་གསུམ་ལ། ལྷ་སར་རིན་པོ་ཆེ་པས། དབེན་གྱི་མི་དཔོན་རིན་ཆེན་དཔལ་ཐོང་ཚོན་དང་། ནག་ཏེར་གླེའུ་ཤིའུ་ལ་སོགས་གསེར་ཡིག་པ་དང་། དཔོན་ཆེན་དབང་ཕྱུག་དཔལ་གྱི་གཙོ་བྱས་མི་དཔོན་ཐམས་ཅད་འཛོམས་པ་ལ། ཆེན་པོ་བོ་བའི་ཕྱག་ཏུ་གཏད། སྤྱིར་ཡང་དྲུང་ཆེན་པོ་བ་འདི་པ་ལ་ཐོག་མ་ནག་ཆེན་པོ་ཐམས་ཅད་མཐོང་དང་། བཀུར་བསྟི་ཆེ་ཞིང་། ཁྱད་པར་དུའང་ལུང་འདི་སློབ་ཕྱིར་བཅད་གདན་ས་ཆེན་པོའི་གདུང་བརྒྱུད་ཕལ་ཆེར་གྱིས་ཀྱང་། དབུ་ཞྭ་ཕུད་ཅིང་ཕྱག་ལེན་པ་དང་བླ་མ་ཤར་པ། བླ་མ་ཀུན་སྤོངས་ཆེན་པོ་ཚང་ཞུའི་གུང་། བླ་མ་མུས་པ་རྒྱ་མཚན་དཔལ་བཟང་། བླ་མ་དབུ་རྒྱན་པ་ལ་སོགས་སློབ་དཔོན་ཆེན་པོ་རྣམས་ཀྱི་ཕྱག་ལན་མཛད། ལོ་ཙ་བ་བློ་སེམས་བརྟན་པ། བླ་མ་མཉམ་མེད་གྲགས་རྒྱལ་ལ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དང་། གཙང་གི་ལྷ་སྡེ་སྟོང་སྐོར་དབུས་ཕྱོགས་ཀྱི་དགས་པོ་བཀའ་བརྒྱུད། བཀའ་གདམས། མཚན་ཉིད། འདུལ་འཛིན་ལ་སོགས་ཆོས་སྡེ་ཆེན་པོའི་རིན་པོ་ཆེ་དང་། མཁན་སློབ་ཆེན་པོ་རྣམས་དང་། ས་སྐྱའི་དཔོན་ཆེན་དབང་ཕྱུག་དཔལ། དཔོན་ཆེན་བསོད་ནམས་དཔལ། རྒྱལ་བ་བཟང་པོ་དབེན་ཤྲི། དབང་བརྩོན་འགྲུས་ཕྱུག་སི་ཏུ་ལ་སོགས་མི་དཔོན་ཆེན་པོ་ཀུན་དང་ཕྱག་རྩེ་སྤྲོད། གྲལ་མགོར་འཕུལ་རེས་མཛད། སོན་ལྦི་སའི་ཐུང་ཇི། ཧུ་ཤྲི་ད་རུ་ག་ཆེ། ཁྲི་དཔོན་ལ་སོགས་དབུས་གཙང་གི་མི་དཔོན། ཉེ་གནས། དཔོན་སྐྱ། ཆེན་པོ་དང་ཆེན་པོར་རློམ་པ་ཕལ་ཆེར་ཕྱག་དང་ཞེ་ས་འབུལ་ཞིང་གོང་དུ་བཀུར་ཏེ། སུས་ཀྱང་མི་བཀུར་བ་དང་།