R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 28
[A:28] མཚན་པ་དང་། མཁན་པོ་རིན་ཆེན་གྲགས། གུ་ཤྲི་ལ་སོགས་དགེ་བའི་བཤེས་གཉེན། རྒྱལ་བརྒྱུད། བུ་མོ། དམག་པ། མི་དཔོན་ཐམས་ཅད་ཀྱིས་དཔེ་མེད་པར་ཐུགས་ལ་བཏགས། ཁྱད་པར་དུ་སྤྱིར་བོད་ཙམ། སྒོས་སུ་འཚལ་པ་ལ་ཕན་པའི་བོད་ཡིག་གི་འཇའ་ས། འཚལ་པ་རང་གི་ཡིག་མཁན་གྱིས་བྲིས་པ་དང་། དར་གན་ལོ་གསུམ་གྱི་འཇའ་ས། གཞན་ཡང་འཇའ་ས་འགའ་དང་། གོང་མའི་ཐུགས་དམ་རྡོ་རྗེ་སེམས་པའི་མྷ་ཁང་བཞེངས་ནས། ཡི་གེ་བརྒྱ་པའི་ཐུན་འཛུགས་པའི་ཆས་ལ་དངུལ་བྲེ་གསུམ། དྲུང་དུ་བྲེ་དགུ། གོས་དར་དགུ་ཚན་དགུ་བསྐུར་བ་དང་། ཐའི་ཧྲུའི་གནང་སྦྱིན། སེ་ཆེན་གྱི་སྐུ་འདྲའི་དྲུང་དུ་གསེར་གྱི་སྤོས་ཕོར་ཆེན་མོ། དྲུང་དུ་བྲེ་བཅུ་སྦོལ་ཁ་དང་བཅས་པ་བསྐུར། བོད་ཕྲུག་གཅིག་ལ་མཇལ་ཕྲད་ལེགས། ཐུགས་འདོགས་ཆེ་ཟེར་ནས། ཉེ་རིང་ཀུན་གྱིས་གླེང་ཞིང་། ཅི་བསམ་འགྲུབ་ནས་བར་ཆད་མེད་པར་ལོ་གཅིག་གི་ནང་དུ་རྒྱ་མུལ་འཁོར་ཏེ། ཆུ་མོ་ཕག་ལོ་ཟླ་བ་དང་པོ་ལ་གདན་སར་སླེབས་པ་སྟེ། དྲུང་འགྲོ་བའི་མགོན་རིན་པོ་ཆེ་དེ་ཉིད་ཀྱི་ཐུགས་རྗེ་བྱིན་བརླབས་ཕྲིན་ལས་བྱུང་བ་མ་གཏོགས་པ། བདག་རང་གི་ཕོ་སྒོ། རང་སྟོབས་ཀྱི་ཡོན་ཏན་ལས་བྱུང་བ་ལགས། སྐབས་དེར་ཏི་ཤྲི་ཆེན་པོ་ཀུན་བློོ་བ་བོད་དུ་བྱོན་ཡོད་པ། ཕྱིར་གོང་དུ་གདན་འདྲེན་པ་ལ། ལུང་གིས། སློབ་དཔོན་བཀའ་བཞི་བ་དང་འཇིར་ཀ་ལང་གཡིའུུ་ཆིང་མངགས་ནས་བྱུང་བའི་དུས་སུ། དྲུད་དུ་གནང་སྦྱིན་འབོལ་དགོན་གྱི་དབུ་ཞྭ་གཅིག །། འབོལ་གན་གྱི་སློག་པ་གཅིག །། དངུལ་བྲེ་གཅིག་བསྐུར་འདུག །། གུང་ཐང་དགོས་ཀྱི་ལྷ་ཁང་ཡིན་པས།