[A:32]
སར་བྱོན་མ་བྱོན་གཉིས་ཀའི་དུས་སུ། སྐྱིད་དུས་མཉམ་སྐྱིད། སྡུག་དུས་མཉམ་སྡུག་ཡིན། གདུང་བརྒྱུད་རིན་པོ་ཆེ་དཔལ་ལྡན་བླ་མ་རིམ་པར་བྱོན་པ་རྣམས་ལ། རང་རེའི་ཞལ་རིམ་པས་ཆོས་མ་ཞུས་པ་མེད། ཞབས་ཏོག་བྱས་བྱས་པ་ཡིན། ད་ལྟ་དེ་འདྲའི་རྒྱུ་མཚན་འགའ་རེས་དགོངས། འགའ་རེས་མི་དགོངས་འདུག་ཀྱང་། རང་རེ་དུས་རྣམ་པ་ཐམས་ཅད་དུ་མོས་གུས་ཕྱིན་ཅི་མ་ལོགས་པར་བྱེད། རང་ལྟོ་གོས་ལུས་གང་རེ་སྤྲང་པོས་ཀྱང་སྤྱོད་མྱོང་མོད། དེ་མ་གཏོགས་མཚལ་པའི་མི་ནོར་ཟས་གསུམ། རང་གི་ཡིན་བསམ་མི་བྱེད་པར། ཡོན་མཆོད་ཆེན་པོའི་ཞབས་ཏོག་ལ་བསྔོ་བ་དེ། དཔོན་གོང་མ་རྣམས་ཀྱི་དུས་ནས་དམ་བཅའ་ཡིན། འཚལ་པ་དགའ་བདེ་གཤེགས་དུས་ཞལ་ཆེམས་ཡིན་གསུང་ནས། ཞལ་ལྟར་ཕྱག་ལེན་ཐམས་ཅད་མཐིལ་འདི་ལ་མཛད་པ་ཡིན། ཧོར་ས་སྐྱ་པའི་མི་སྐྱང་གཅིག་བྱུང་ཡང་དཔོན་དུ་འཁུར་བ་ལ་འཕྱོར་དུ་བྱེད། སྒོ་བཙན་དང་བོད་ལུགས་ཀྱི་ངན་གྱོང་ལ་འཕྱོར་དུ་མི་བྱེད། དཔོན་གོང་མམ་རྣམས་ཀྱི་དུས་སུ། ས་སྐྱ་པའི་ཉེ་གནས་རྒད་པོ་ནང་དུ་ཆེ་འགྲན་བྱེད་པའི་རྣམ་པས། དཔོན་ཆེན་ལག་ལེན་ཨ་ཙ་དཔག་ཤི་ལ་སོགས་དང་། སྔར་བག་ཙམ་མི་འཚམ་པ་ལ། དྲུང་འདི་པས། ངན་ལན་དུ་བཟང་གཞལ་བས་སྲིད་དུ་ཆོད་ནས། རྡོ་རྗེ་མགོན་པོ་དུ་དབེན་ཤ།། དགོས་པའི་དུས་སུ་དབེན་ཤ་ལ་སོགས་དང་སྐུ་མཆེད་བཞིན་མཐུན། དཔོན་ཆེན་འོད་ཟེར་སེང་གེ་བའི་བརྒྱུད་སྔར་ནས་འབྲེལ་ཟབ་པ་ནི་ཀྱང་། ཆེན་པོ་འགའ་བདེའི་དུས་སུ་ཅུང་མ་འགྲིག་ནས། གོང་དུ་ཆོང་ཚེ་བསྐུར་བ་ལ། དྲུང་འདི་པས་གོང་ན་བཞུགས་དུས། ཆོང་ཚེ་རྣམས་སྲ་པ།