[A:31]
མི་སྨོན་པ། གསུང་བཞིན་མི་སྒྲུབ་པ་མེད། རྒྱལ་བརྒྱུད། མི་ཆེན། ཇི་ལྟར་དྲག་རྩལ་ཆེ་ཞིང་འཇིགས་སུ་རུང་བ་རྣམས་ཀྱང་། དྲུང་རིན་པོ་ཆེ་དང་མཇལ་ནས། བྱང་ཆུབ་སེམས་ཀྱི་ནུས་པས་དབང་དུ་འདུས་ཏེ། གདུག་པ་འདུལ་ཞིང་ཞི་དུལ་ཅན་དུ་གྱུར་ནས་ཆོས་ཀྱི་འབྲེལ་གཏམ་འདྲི་ཞིང་། བདེན་པའི་བཀའ་བཞིན་སྒྲུབ་པས། བསྟན་པ་དང་། སེམས་ཅན་སྤྱི་དགོས་བྱེ་བྲག་པ་ཐམས་ཅད་ལ་གནོད་པ་བཟློགས་ཤིང་ཕན་པ་རྒྱ་ཆེན་པོ་འགྲུུབ་པ། སྐུ་དྲིན་སྐུ་སྐྱོབས་ཤིན་ཏུ་ཆེ་བ་ཡིན། སྔོན་ནས་མཛའ་ཞིང་བཤེས་པ་རྣམས་དང་ནི། ནམ་ཡང་འཁོན་པ་མེད་ལ། སྔོན་མི་མཛའ་བ་ཐ་དད་ཡང་། དྲུང་འདི་པའི་རིང་ནས་མཛའ་ཞིང་མཐུན་པར་གྱུར། ཆེ་འབྲིང་ཆུང་གསུམ་གང་ལ་གང་འོས་ཀྱི་གྲོགས་ལུགས་དང་། ཞབས་ཏོག ། ཕན་འདོགས་མཛད་དེ། མའི་དབང་པོ་རྒྱལ་པོ་ཆེན་པོ་བརྒྱུད་པ་དང་བཅས་པ་རྣམས་ལ་རྒྱལ་ཁམས་སྤྱིའི་མགོའི་བདག་པོ་ཡིན་མོད་ཀྱང་། སེ་ཆེན་རྒྱལ་པོ་རྒྱལ་བུར་བཞུགས་པ་གཏེགས་ཚུལ་གྲིབ་གནད་ཀྱིས། དགོས་བདག་མཛད་ནས་སྐྱོང་བའི་དྲིན་ཡོད་པའི་དྲིན་ལན་གཞན་ཅི་མཇལ། གོང་མའི་ལྷ་ཁང་འདིའི་ཞབས་ཏོག་ལས་ལྷག་པ་དང་། སྐུའི་རིམ་གྲོ་སྲོལ་མ་རྣམས་མ་ཆག་པར་སྒྲུབ། འཇམ་གན་གྱི་ཁྲལ་ལ་གཞན་བཞིན་སྙད་འཁྲེབ་འཛུར་གསུམ་མི་བྱེད་པར་ཞེ་དམ་བཅས་ནས་འཇལ་བ། གོང་མའི་གསེར་ཡིག་པ་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཡང་། གོང་མ་འདྲ་བར་བསམ་ནས། ཞབས་ཏོག་གང་དགོས་བྱེད་པ་དང་གཅིག །། དཔལ་ས་སྐྱ་པ་འདི། ཆོས་རྗེ་ས་ཆེན་ནས་གཟུང་ནས། དམ་ཚིག་གི་འབྲེལ། སེ་ཆེན་རྒྱལ་པོ་གདན་