[A:33]
གྲོགས་བཟངས་མཛད་པས་སྐུ་མཆེད་ལས་ལྷག་པའི་སྙིང་གྲོགས་བྱུང་ཞིང་ཕན་ཐོགས། ཁོང་གཤེགས་ནས་ཤུལ་ལ་རྣམས་ཀྱང་བསྐྱངས་པ་དེ་ཡིན། འབྲི་ཁུང་པ་དང་། སྔར་བདེང་གི་བདག་པོ་གཉིས་པ་བརྒྱུད་རྣམས་ཆགས་སྡང་ཡོད་པ་ཡིན་ཡང་། དྲུང་འདི་པ་དང་། སྒོམ་པ་རིན་ཆེན་གྲགས་གཉིས་སྐུ་མཆེད་ལྟར་འགྲོགས་པས། དབུས་པ་སྤྱི་ལ་ཕན་པར་བྱུང་། ཕག་གྲུ་རིན་པོ་ཆེའི་བརྒྱུད་དང་། ཁྲི་དཔོན་གྱི་བརྒྱུད་རྣམས་གང་ཁ་ཉེན་པ་དེའི་དུས་སུ་དེ་ལ་ཡན་བཏགས། ཁྱད་པར་དུ་ཁྲི་དཔོན་བྱང་རྒྱལ་གྱི་ལས་ཀ་ཞུ་བའི་གྲོགས། འདི་དང་བདོང་གཉིས་ཀར་བྱས། གཡའ་བཟངས་པ་སྔར་ནས་འཚལ་པའི་བུ་སློབ་ཙ་ར་ལྗི་ཡེ་ཡོང་བར་བྱུང་པ། གཡའ་བཟང་པས། འཚལ་པ་ལ་མི་མོས་ནའང་། འབུམ་ཁྲི་འོད་ཀྱི་དུས་སུ། དབོན་པོ་རིན་ཤེ་འོད་བསད་ནས། ནམ་མཁའ་ཆེན་དང་། སོན་ལྦི་སིས་རྩོད་པ་ཅི་རིགས་ཡོད་ནའང་ཞེ་བཞག་མ་བྱས་པར་ཕན་བཏགས། དར་མ་རྒྱ་མཚན་པའི་དུས་སུ་ལྷ་ཁང་འཇིགས་པར་བྱུང་བ་ལ་མི་འཇིགས་པའི་ངོ་ཆེན་གྱིས་གསུང་བ་བསྐུར་ནས་བསྐྱབས། དགས་པོར་དམག་མ་བྱོན་དུས། སོན་ལྦི་སི་པ་རྣམས་ལ་ཞུས་ནས། ས་ཆ་ཐམས་ཅད་གནང་པར་ཆུང་བ་དང་། ཐབས་ལ་མཁས་པའི་སྒོ་ནས་ཁྲིམས་འོག་ཏུའང་ཚུད་པར་མཛད། ཁྱད་པར་དུ་རེའི་འཚེར་གང་བྱུང་དུ། ཁང་པ་ཞིག་རལ་མེད། ཆ་རྐྱེན་བོ་རལ་མེད།