R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 35
[A:35] གཏོད་འོས་གཏད་པས་མི་སྡེ་ལ་ཕན། འཇགས་འོས་འཇགས་བླ་བྲང་པ་རྣམས་མཉེས། ད་ལྟའི་བར་དུ་འཇགས་པ་ཡིན། ནམ་མཁའ་ཐོང་ཆེན་གྱིས། ས་སྐྱ་པའི་དབུས་ཀྱི་ཁྲིམས་གཅོད། ཞང་རྒྱས་སྲས་དང་། གཡའ་ཕག་ཐང་བ་གསུམ་གྱི་ཁྲི་དཔོན་འཛིན་པར་བྱུང་བ་གྲོགས་བྱས་ནས་སྐྱབས། ཤིང་མོ་གླང་ལོ་ལ། དཔོན་ཆེན་བདེ་གཤེགས་སེང་གེ་པ་དང་ལྷན་དུ། སྐྱི་གཡོར་གྱི་ཁྲི་སྐོར་ཐམས་ཅད་དུ་བྱོན། དམག་འཇམས་ལྷ་སྡེ་མི་སྡེ་འཇགས་བ་ཞི་ཐམས་ཅད་ལྷན་དུ་མཛད། མདོར་ན་འདི་འདྲ་རྣམས་རེ་རེ་ནས་བྲི་ཕིས་གར་ལང་། ཆེ་འབྲིང་ཆུང་འབྲིང་ཆུང་གསུམ་གང་གིས་བློ་གཏད་པ་ལ་ཕན་བཏགས། བློ་ལོག་པ་ལ་གནོན་མ་བསྐྱལ། སྤྱི་ལ་སྤྱི་ཆེས་དགོས་སྒོར་ཤ་ཚ། ནོར་བ་གྲོས་འདེབས། འཆི་བ་སྲོག་སྐྱོབས། ཉེན་པ་ལ་རབ་མདའ། འཕོངས་པ་ལ་གནང་སྦྱིན། མ་རྙེད་པ་ལ་སྐྱི་འཕྲུལ། མ་ཤེས་པ་ལ་ཞལ་ཏ། མི་ནོར་ཟས་བྱུས་དང་བཞིས། དགོན་གསུམ་འཚལ་པའི་བུ་སློབ་ཡོན་བདག །། ལྷ་སྡེ། མི་སྡེ། བཟའ་པ་དཔོན་བརྒྱུད། སྡེ་མངའ་རིས་ཐམས་ཅད། དབུས་ནས་མ་ཡར། མཐའ་ནས་མ་ཟགས། ཕྱིའི་གྲ་བསྲུངས། ནང་གི་ཁོད་སྙོམས། དྲག་པོའི་གཉའ་མནན། ????