R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 36
[A:36] སྨོས་ཅི་འཚལ། དྲུང་རིན་པོ་འདི་བྱ་བ་མཛད་ནས་དཀོན་མཆོག་གསུམ་གྱི་སྐུ་གཟུགས་བཞེངས་པ། གསུང་རབ་འབྲི་ཀློག །། རྟེན་ལ་མཆོད་པ། གཙུག་ལག་ཁང་ཞིག་གསོས། དགེ་འདུན་གྱི་སྡེ་འཛུགས། དགེ་འདུན་གྱི་བསྙེན་བཀུར་ལ་སོགས་ཉིད་ཀྱིས་མཛད་པ་དང་། གཞན་ལ་བསྐུལ་ནས་དགེ་བའི་གྲོགས་མཛད། མདོར་ན་བསྟན་པའི་སྐྱེ་བོའི་ཕྱག་རྗེས་ཚུལ་ནི་རྒྱས་པར་བྲི་ཡིས་ག་ལ་ཡང་། རགས་རིམ་བརྗོད་པ། ལྷ་སའི་གཙུག་ལག་ཁང་གི་བྱ་འདབ་ཆེན་མོ། མགོན་ཁང་ནང་གི་རྒྱ་ཕུབས་བཀལ་ཅོག་བཞི་སྤངས་བསྟོད་ར་མོ་ཆེ་རྒྱ་ཕུབས་བཅོས། ལྷ་སའི་སྔར་གྱི་ཆ་རགས་ཐམས་ཅད་ལོ་རེ་བཞིན་འཆོས་པའི་སྟེང་དུ བར་ཆུ་ལ་དབྱར་ཀོ་བ་གཏོང་དགོས་པ་བཅད་ནས། རགས་སྲ་བརྙན་གསར་པ་རྒྱང་གྲགས་ཙམ་དུ་རིང་བ་མཛད། བྲག་ལྷ་གློང་ཕུག་ཏུ། བྲག་ཕུག་གི་ལྷ་ཁང་བཅོས། ཁྱམས་དང་རྒྱ་ཕུབས། དབེན་ཁང་སྐོར་མཛད། འཕགས་པ་ལྕེ་སྒོ་མབ་ལག་ཁང་། ཁྱམས་ཕྱོགས་གསུམ་གྱི་གློ་འབུར་དུ་རྒྱ་ཕུབས་དང་བཅས་པ། ཆོག་རྒྱལ་ཡབ་སྲས། བཙུན་མོ་གཉིས། བློན་པོ་གཉིས་དང་པའི་སྡེར་ཚོ། མངའ་བདག་མང་པོས་བཀུར་བ་ནས། སྲ་སྒྲ་གཅན་ཟིན་བར་གྱི་གདུང་རབས། གཉའ་ཁྲི་བཙན་པོ་ནས། ཁྲི་རལ་བ་ཅན་གྱི་རྒྱལ་རབས། སངས་རྒྱས་སྟོང་སྐུའི་ཡར་དང་བཅས་པ་བཞེངས། སྤྱན་རས་གཟིགས་