[A:38]
པོ་ཆེ་འདྲ་པའི་ཕྱི་རྟེན་གསེར་འབུམ་ལྷ་མོ་བཞེངས། ཁྱམས་ཁྲའི་བྱ་འདབ་ཆེན་མོ་དང་། དཀོན་མཆོག་གཉེར་ནག་ཚངས་མཛད། གུང་ཐང་གི་སླ་གཡེ་རྙིང་པ་དེ་ལའང་དཀར་ཕུབས་མཛད། སྐུས་བུམ་ཆེན་པོ་ལ་སྔར་བར་རིམ་བཞིན་བུམ་པར་ལྷ་ཁང་གཅིག་ལས་མེད་པ་ལས་བཅོས་ཤིང་རྒྱ་དང་སྤངས་བཀྱེད་ནས། ཕྱོགས་བཞིར་ལྷ་ཁང་རྡོ་རྗེ་དབྱིངས་ཀྱི་རྩ་བའི་ལྷ་སྡེར་ཚོ། འགྲོན་ཐབས། རི་མོ། སྟོང་སྐུ་སྤར་མ། རྒྱུད་རིས་དང་བཅས་པ་བྲེ་དང་བུམ་པའི་རྒྱ་ཕུབས། བང་རུམ་ཟུར་མངས་མཛད། བཅོས་ཀ་འདི་མི་སྡུབ་ཟེར་ནས། རྩིས་མཁན་དང་རྒྱལ་ཁམས་སྤྱི་ཁ་འཆམ་ནའང་། མི་སྡེ་གསུང་ནས་མཛད་པས་སྐྱོན་མེད་ཅིང་བཀྲིས་པར་བྱུང་། ཁྱད་པར་དུ་ཉིན་གཅིག ། བྲེ་རྩིག་པའི་ཕག་རྣམས་བན་སྒོམ་རྣམས་ཀྱིས་ལག་སྦྲེངས་བྱས་ནས་གསོལ་བ་འདེབས་ཤིང་བསྐྱེད་པའི་དུས། དྲུང་པ་ཉིད་ཐུགས་དམ་ལ་ཡིད་སེམས་ཀྱི་སྟོབས་འབར་ཞིང་། འགྲོ་མགོན་དེ་གཉིས་ལ་རྒྱ་ཕུབས་འགན་འཇི་ར་དང་བཅས་པ་བཞེངས། ལུང་བཞིན་ཡིག་བརྒྱའི་ཐུན་བཙུགས། གོ་གནས་རྒྱལ་པོའི་ཕྱི་རྟེན་དུ་དངུལ་གྱི་སྒོ་མང་། ནང་རྟེན་ཕྱི་ནང་གི་རྡོ་སེམས་པའི་སྐུ་བཞེངས། འཚལ་དུ་བཀའ་བརྒྱུད་རིན་པོ་ཆེའི་ཐང་སྐུ་འདོམས་བརྒྱད་བཞེངས། དབུ་རྩེ་ཆེན་མོའི་དཀོན་མཆོག་གཉེར་སྔར་བུ་ཆེན་རྣམས་ཀྱིས་བསྐོར་བ་ལ། མེ་མོ་ལུག་ལོ་ལ་ནང་པས་བླངས་ནས་ལོ་བཅུ་དྲུག་གི་བར་དུ་བསྐྱངས།