R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 39
[A:39] མཆོད་ཁང་དུ་ན་ཕྱིས་ཀྱི་གདུགས་ཅེན་མོས་ཐོག་དྲངས། མཆོད་ཆ་ཕུལ་བ་རྣམས་བྲི་ཡི་མི་ལ། གུང་ཐང་གི་ལྕགས་རི་སྔར་ཤར་ནུབ་ཏུ་ནར་མོར་ཡོད་པ་ལ་ལྕགས་རི་གཉིས་ཀ་ལྷོ་ཕྱོགས་སུ་བཀྱེད། ཀུན་དགའ་རབ་སྔར་བས་རྒྱ་ལོག་པོར་བཀྱེད་ནས་འཁོར་ཡུག་ཏུ་དཀར་ཕུབས་མཛད། གཡས་གཡོན་དུ་ཚུལ་ཁ་ཆེན་མོ་གཉིས། སྒོ་ཁང་ཟམ་མདུན་ཆེན་མོ་ན་རྒྱ་ནག་ལུགས་ཀྱི་རྒྱལ་ཆེན་སྡེ་བཞིའི་ལྡེར་ཚོ། སྟེང་དུ་ལྕོང་ཁང་རྒྱ་ཕུབས་དང་བཅས་པ། ནུབ་ཕྱོགས་སུ་ཆོས་འཁོར་གླིང་གི་སྡེ་བསྐོར། ལྕགས་རི་ཕྱི་ནང་བར་དུ་ལྷ་ཁང་གསར་གླིང་གི་སྐོར་དང་བཅས་པ་མཛད། དེ་ཡང་ལྷ་སྡེ་མི་སྡེ་ལ་ཐོ་གང་ཡང་མ་སོང་བར། ནང་པའི་བཟའ་བ་སྐོར་གྱིས་བཟང་འགྲན་བྱས་པས། ལྕགས་ཞག་བདུན་ལ་ཆར། བྱིན་པོ་ལོ་གཅིག་ལ་ཚར། དཔོན་པོ་རྣམ་རྒྱལ་དང་ཉེ་གནས་གཞོན་རྒྱལ་ལ་བསྐུར་ནས། གཞལ་ཡས་ཁང་ཤར་ནས་ནུབ་རི་མོ་དང་བཅས་པ་བཞེངས། ཧུ་ཇུའི་སྡེ་ནས། སློབ་དཔོན་ཆོས་ཀྱི་དཔལ་གྱིས་འབུལ་བ་ཆེན་མོ་བསྐུར་ནས། གསེར་འཕན་མཐོང་བ་དོན་ལྡན་བཞེངས་པ་དང་། སློབ་དཔོན་སི་དུ་རྡོར་རིན་གྱིས་འབུལ་བ་ཆེན་པོ་བསྐུར་ནས། གསེར་འཕན་ཆེན་མོ་གཟི་བརྗིད་མཐའ་ཡས་བཞེངས་པའི་བཀོད་པ་ཞལ་ཏ་གཞི་ལེན་ཐམས་ཅད་མཛད། འཚལ་ཆོས་ཁྲི་འཚུལ་འཆོས་སུ་བཅུག་ནས་ལྷ་ཁང་བྱས། ཡང་དགོན་པའི་རིན་པོ་ཆེ་ཤཱཀྱཱ་འབུམ་གྱིས་བྱེད་དུ་བཅུག །། དབུས་ཕྱོགས་ན་སྔར་བསྟན་བཅོས་འགྱུར་ཡོད་དོ་ཅོག་མི་འདུག་པས། བསྟན་པ་ལ་ཕན་པར་དགོངས་ནས་བསྟན་འགྱུར་བཞེངས་པར།