R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 40
[A:40] བཞེད་པ་ལས། གཟའ་པ། ལྷ་སྡེ། མི་སྡེ་ལ་གཞོགས་གཉིས་ཀྱི་ཐོ་ལྟ་ཅི་སྨོས་ཏེ། ཁྲིམས་ཀྱི་ལྗིད་འཁུར་བའི་ན་སོ་ལའང་ལྗིད་མ་བཀལ་བར། ཕྱག་ཏུ་དང་ཟུར་པ་དང་དུམ་བྱུང་བ་རྣམས་ལས་བཞེངས་ཤིང་། ཕྱི་མོ་ཕལ་ཆེར། དབུས། ལྷོ་བྲག ། གཉལ། དྭགས་པོ་རྣམས་ནས་རྙེད། འགའ་རེ་གཙང་ནས་བཙལ་ཞིང་། ཤོག་སྐྱའི་དཔེ་པོ་ཏི་ཕྱེད་དང་སུམ་བརྒྱ་དགས་ཀྱིས་ཐོན་པ་གྲུབ། ཕྱིས་ཀྱང་བོད་དུ་གསར་དུ་འགྱུར་བ་དང་། ཕྱི་མོ་གསར་དུ་རྙེད་ཚད་བྲི་པ་ཡིན། འདི་ལ་འཕེལ་ནས་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ཆང་མའི་སྐྱེས་བུས་བསྟན་འགྱུར་མ་ཚང་ཙམ་གཅིག ། ཆོས་རྗེ་ཀརྨ་པས་གསེར་ལས་བཞེངས་པའི་ཚར་གཅིག ། སྟག་ལུང་རིན་པོ་ཆེས་ཤོག་སྐྱའི་ཚར་གཅིག ། མདོ་ཁམས་ཀྱི་བླ་མ་རྒྱ་རིན་པོ་ཆོས་ཤོག་སྐྱའི་ཚར་གཅིག ། འཚལ་པའི་གཉེར་པ་དཔོན་བྱང་གིས་ཤོག་སྐྱའི་ཚར་གཅིག་འཕེལ། འདི་ཐམས་ཅད་ཀྱི་བཀོད་པའང་། ཞལ་ཏ་འདག་རྐྱེན་ཐམས་ཅད་དྲུང་ནས་མཛད་པ་ཡིན། རྒྱལ་བུ་ཆོས་རྒྱལ་གྱི་ཐུགས་དམ་མདོ་ལངས་དང་། ཕལ་ཆེན་དཀོན་མཆོག་རྩེགས་གསེར་ལས་བཞེངས་པའང་གུང་ཐང་དུ་འབྲི་ས་བྱས། ཞལ་ཏ་གཞི་ལེན་ཐམས་ཅད་དྲུང་ནས་མཛད། མ་སྟོན་ཚུལ་དབང་ལ་དགེ་བསྐུལ། གནང་སྦྱིན་མཛད་ནས། གསེར་གྱི་རྒྱུད་འབུམ་འབྲིར་བཅུག །། གཞན་ཡང་དྲུང་རིན་པོ་ཆེ་པའི་འཕྲིན་ལས་མ་བརྟེན་ནས། འཚལ་པའི་ས་ཆར་རྗེ་བཙུན་རི་བོ་བ་དང་། ཉེ་གནས་གཞོན་རྒྱལ་གྱིས། གསེར་གྱི་བཀའ་འགྱུར་རེ་རེ་བཞེངས་པ་དང་། མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་བཞེངས་པ་ཟུར་པ་མང་པོ་བྱུང་བ་ཡིན། དཔོན་ཆེན་སེང་གེ་བའི་ཐུགས་