[A:41]
དམ་རིགས་གསུམ་མགོན་པའི་གསེར་སྐུ་ཆེན་མོ་རྣམས་བཞེངས། དེ་རྐོང་དཀོན་པའི་འགན་འཇི་ར་ཆེན་མོ་བཟོ་ལ་སོགས་ཀྱང་། སྦྱིན་བདག་གི་དངོས་པོ་གཏད་ནས་ལག་ལེན་རང་རེས་མཛད་པ་ཡིན། གདན་ས་འཚལ་གུང་ཐང་དུ་ཕྱོགས་ནས་བྱོན་པ་དང་། གཞི་ལ་ལ་བཞུགས་པའི་བླ་མ་དགེ་འདུན་རྣམས་ཀྱི་བསྙེན་བཀུར་རིམ་པར་མཛད་པ་གཞན་རྣམས་བགྲང་གིས་མི་ལང་ཞིང་། གོང་ནས་ཕེབས་པའི་མ་ཁྱོས་མ་ལ་འབུལ་བ་བསྙེན་བཀུར་རྒྱ་ཆེན་པོ་མཛད། ཆེན་པོ་དགའ་བདེ་བསྙུང་བའི་དུས་སུ། སྐུའི་རིམ་གྲོ་དང་། བདེ་བར་གཤེགས་པའི་གཤེགས་རྫོགས་ལ། ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེས་ཐོག་དྲངས། སྐྱི་ཤོད་ཀྱི་དགོན་སྡེ་རྣམས་ཀྱི་མཁན་སློབ་ཀྱི་ཐོག་དྲངས། སྐྱ་སེར་གྱི་ཚོགས་པ་ཁྲི་ཚོ་གསུམ་དང་། སྟོང་ཕྲག་ལྔ། བདུན་བརྒྱ་དྲུག་བཅུ་རྩ་གསུམ་གྱི་དགེ་འདུན་རྣམས་ལ་ཞོ་རེ་མ་འགྱེད་པ་ལ་གསེར་བྲེ་བཅུ་གཅིག །། གསེར་སྲང་སུམ་བཅུ་རྩ་འདྲ་ཞོ་བདུན། ཇ་སིག་ཆེན་ལྔ་བརྒྱ་བདུན་བཅུ་དོན་བཞི་བཀྱེ། སྐྱ་བོ་རྣམས་ལ་ཟོང་སྤུས་སྣོད་སོགས་ཀྱི་བཞི་ནི་རེ་བཀྱེ་ཞིང་། གྲོ་འབུལ་བ་བསམ་གྱིས་མི་ཁྱབ་པ་དང་བཅས་པ། ལྔ་བཅུ་དྲུག་བཅུ་ཙམ་རེ་བྱུང་བ་ཡིན། འགྲོ་བའི་མགོན་པོ་རིན་པོ་ཆེའི་ལོ་དུས་ལ་དབྱར་གྱི་ཇ་ཚུལ་ཆེན་མོ་ཟླ་བ་གཅིག་བཙུགས། ཟླ་དུས་བྱུང་ཡོད་དོ་ཅོག་ལ་ཚེས་བཅུའི་ཇ་ཚུལ་བཙུགས། གེ་གན་རྒྱལ་པོའི་དུས་