[A:43]
བཅུ་བཤིག་ནས་བཞི་རྣམས་མ་བཀྱེ། སྣར་ཐར་ཁྲོང་ཕུ་ལ་སོགས་གཙང་གི་སྟོང་སྐོར་རྣམས་ལའང་མང་ཇ་འབུལ་བ་མཛད། དབུས་ཀྱི་དགོན་སྡེ་ཐམས་ཅད་དུའང་མང་ཇ་འབུལ་བ་དང་། གཞན་ཡང་དུས་སུ་བསྟན་པའི་རིམ་གྲོ་ལ་སོགས་ལ་སྙད་པའི་མང་ཇ་བསྙེན་བཀུར་མང་དུ་མཛད་པ་ཡིན། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ལྷ་ཁང་གི་ཞབས་ཏོག་སྐུ་འབུམ་ཐང་བས་རྒྱུན་དུ་བྱེད་དུ་བཅུག་ཅིང་། བྱང་ཆུབ་ཆེན་པོ་ལ་འཐོན་ཏིའི་བླ་གོས་ཆེན་མོ་གཅིག །། ལིང་དམར་པོའི་བླ་གོས་གཅིག །། གདུགས་ཆེན་མོ་གཅིག་ཕུལ། བུ་ཤང་དེ་དཔེ་མེད་བཀྲིས་དགེ་འཕེལ་གྱི་ལྷ་ཁང་མེས་ཚིག་པའི་རི་རུལ་འཚལ་པའི་བུ་སློབ་ད་ལྟའང་སྐྱོང་། ཡེར་པ་ལྷ་ཡུལ་གྱི་གཙུག་ལག་ཁང་གཙང་སྟོན་གྱིས་གསོས་ཤིང་། ཞབས་ཏོག་བྱེད་པའི་བདག་རྐྱེན་མཛད། མར་འཕྲེང་གསེར་གྱི་མཆོད་རྟེན་ལ་ཡང་དགོན་པ་ཞབས་ཏོག་བྱེད་དུ་བཅུག །། ཡར་འཕྲེང་ཡི་གེ་དྲུག་མར་ཡང་ཞབས་ཏོག་མཛད། རྗེ་བཙུན་མར་པ་ཡབ་སྲས་ཀྱིས་གདུང་ཁང་གཞུང་རི་བོ་ན་བཞུགས་པ་ལ། ན་བཟའ་དང་བླ་རེ་ཆེན་མོ་ལ་སོགས་མཆོད་ཆ་མང་དུ་ཕུལ། མར་མེ་བཙུགས། འགན་ཇི་ལྟར་བཟོས་ནས་བཙུགས། ཡོན་བདག་བྱས། ཤར་དགས་ལྷ་སྒམ་པོར་བླ་རེ་ཁྱད་འཕགས་རིང་མོ་གཅིག་ཕུལ། མཆོད་ཆ་ཕྲན་མང་དུ་ཕུལ། དགས་པོར་དམག་