[A:44]
ལ་བྱོན་དུས། སྒམ་པོར་འབུལ་བ་བསྙེན་བཀུར་མང་པོ་མཛད། ཡེར་པ་སྤོས་ཁ་ཕྱིའི་བྱི་ཕུགས་དགོན་པ། གཤེན་གྲོང་ཆུང་སྒང་ཁ། འཚུར་ལྷ་ལུང་བྲག་རལ་རྣམས་སུའང་ཞབས་ཏོག་མང་དུ་མཛད་ཅིང་། ལྷ་ཁང་དང་གདན་ས་འདི་རྣམས་ཐམས་ཅད་བྱོན་དུས་མང་ཇ་འབུལ་བ་མཛད། གུང་ཐང་འབུལ་བ་བྱུང་རེས་ལ་འབུལ་བ་གཏོགས། མར་མེའི་སྐལ་བ་སྟེར་གིན་ཡོད་པ་དེ་ཡིན། མཁས་གྲུབ་ཆོས་རྗེའི་གདན་ས་བསམ་གདིངས་སུ་འགན་འཇི་ར་ཁྱད་འཕགས་བཟོས་ནས་ཕུལ། དགེ་འདུན་ལ་གྲོ་དང་གསེར་བཞི་ནི་རེའི་འགྱེད། ཉི་ཤུ་དགུ་མཆོད་ལ་དངུལ་བྲེ་ཕུལ། འཚལ་པའི་ས་ཆ་རྣམས་སུ་གཙུག་ལག་ཁང་རྙིང་པ་གསོས་པ། གསར་པ་བཞེངས་པ། ཞབས་ཏོག་མཛད་པ་བགྲང་གི་མི་ལང་། ས་ཆ་གཞན་རྣམས་སུ་ཡང་དེ་དང་མཐུན་པའི་དགེ་བསྐུལ་མཛད། ཐ་ན་བྱང་སྟོངས་རྣམས་སུ། དྲུང་ནས་གྲོ་རེ་པ་ལ་མཚན་ཉིད་ཀྱི་གྲས་སུ་བཙུགས། དཔལ་ལྡན་ས་སྐྱའི་རྒྱུད་གདམས་པ་ཕྱག་ལེན་རྣམས་མ་གཅེས་སྤྲས་སུ་མཛད་བཞེས་ནས། ས་སྐྱའི་བླ་མ་ཀུན་དབང་གི་སློབ་མ། སློབ་དཔོན་དོན་གྲུབ་དཔལ་དཔོན་སློབ་ཀྱི་བརྟེན་པོ་མཛད། མགོ་འདོན་བདག་རྐྱེན་མཛད་ནས། འཚལ་དབུས་གླིང་དུ་ས་ལུགས་ཀྱི་ཆོས་བརྒྱུད་འཛིན་པའི་གྲ་ས་འདི་བཙུགས། ལྷ་ས་གུང་ཐང་དུ་རྒོངས་ཁའི་ཇ་ཚུལ་འཛུགས་པ། སྤྲང་འགྱེད་ལྷ་སར་ཆོས་རྒྱལ་སྲོང་བཙན་