[A:45]
སྒམ་པོའི་དུས་མཆོད་སྒུང་དུས་མཆོད་པར་གྲགས་པ་སྔར་ཡོད་ནས་བར་སྐབས་སུ་ཆག་པ་གསར་དུ་བཙུགས། འཚལ་གུང་ཐང་། དཔལ་རི་རྣམས་གང་བཞུགས་སར་སྟོན་དཔྱིད་གཉིས། ཚ་ཚ་འབུམ་གཏེར་གསུམ་གསུམ་ཙམ་རེ་འདེབས། བྱེས་སུའང་གང་བྱོན་དུ་ཚ་ཚ་འདེབས་པ། ཚོགས་སོག །། ཆོད་སྤྱོད། ངན་ལོང་ལ་སྦྱིན་གཏོང་། དགེ་བ་གང་གྲུབ་གྲུབ་བྲེ་ཐོབ་ཕུལ་ཐོབ་དུ་མཛད། ཆོས་ཕྱག་ཏུ་འབུལ་བ་བྱུང་བཏབ། ཤུན་འཕྲང་དུ་ཀ་ཅི་དང་། ལྷ་ཁང་བྱེད་དུ་བཅུག །། སྣ་བོ་གདོང་ལ་སོགས་འཇིགས་ཡོད་པའི་སྟོངས་ལམ་འགག་རྣམས་སུ་འགྲོན་ཁང་ཆ་ཚུལ་ལ་སོགས་མང་དུ་མཛད། མྱང་ཕྲན་དོར་ཏེའི་ཆུ་སྡེ་བཞི་ལ་གནོད་པ་ལྡེ་ཕྱོགས་བསྒྱུར། སྲི་ཞལ་གྱི་ཆུ་འཚལ་གུང་ཐང་ལ་གནོད་པ་བྱང་ཕྱོགས་ལ་བསྒྱུར་བ་ལ་སོགས་དང་། སྐྱི་གཡོར་ཐམས་ཅད་དུ་ལྕང་མ་འདེབས་པ། བསྲུང་བའི་ཁྲིམས་སམ། གཞན་ཡང་མཁར་ལན། རང་དང་ཡུར་མགོ་ལ་སོགས་ཡུལ་སྤྱི་ལ་ཕན་པའི་བྱ་བ་དུ་མས་ཡུལ་བཟང་པོ་སོང་བ་ཡིན། ཇོ་གདན་ཚོགས་པ་སྡེ་བཞི་ལ། སྔར་ཚོགས་ཆེན་པ་མ་གཏོགས་པ་དང་འབྲེལ་མི་འདུག །། རྙིང་མ་སྡེ་བཞི་ཀར་འདེགས་ཤིང་ཞབས་ཏོག་མཛད་པ་ཡིན། གཞན་ཡང་འཛམ་བུའི་གླིང་གི་ཆོས་མཛད། གྲུབ་མཐའ་མཐོ་དམན། སྤྱོད་པ་རྩིང་ཞིབ། བོན་པོ་ཚུན་ཆོད་ལ་ཉེ་རིང་མི་བྱེད་པར་ཞབས་ཏོག་མཛད། མདོར་ན་སྣང་ཕྱོགས་མེད་དུ་