R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 46
[A:46] སྦྱོང་། ལྷ་ཁང་ཕྱོགས་མེད་དུ་གསོ། བསོད་ནམས་ཕྱོགས་མེད་དུ་བསོག །། སྦྱིན་གཏོང་ཕྱོགས་མེད་དུ་མཛད། ཕན་ཕྱོགས་མེད་དུ་འདེགས་པ་རྣམ་ཐར་ཡིན། གཞན་ཡང་། དྲུང་རིན་པོ་ཆེ་འདི་འགྲོ་བའི་མགོན་པོ་རིན་པོ་ཆེའི་རྣམ་འཕྲུལ། བསྟན་པ་རིན་པོ་ཆེའི་རྩ་ལག་ཏུ་བྱོན་པའི་གནད་ཀྱིས། རྟེན་ཁྱད་པར་ཅན་བྱིན་རླབས་དང་ལྡན་པ་རྣམས་ཀྱང་། པདྨའི་ཚལ་དུ་འདུ་བ་ལྟར། སྐུའི་བསོད་ནམས་དང་མོས་གུས་ཀྱི་སྟོབས་ཀྱིས་འདུས་ནས། དྲུང་རིན་པོ་ཆེའི་ཕྱག་ཏུ་བྱོན་ཏེ། འགྲོ་བའི་མགོན་པོ་རིན་པོ་ཆེའི་སྤྱན་སྔར་ཕུག་གི་གདུང་ཁང་ན་སྔར་བཞུགས་པ་འཕྲང་པོ་བཙད་པོའི་དམག་གིས་ཁྱེར་ནས་ཟུང་མཁར་ཡ་གད་ན་ཡོད་པ་ཡ་གད་པའི་རྒྱལ་ཚབ། དྲུང་དུ་ཕུལ་ཏེ། གེ་གན་རྒྱལ་པོའི་དངུལ་གདུང་གི་བྲེའི་ནང་ན་བཞུགས། རིན་པོ་ཆེ་ཡང་དགོན་པ་དང་། དྲུང་པར་དབུས་རི་ཁྲོད་རྣམས་བསྐོར་བ་ལ་བྱོན་དུས། ཞང་རིན་པོ་ཆེའི་ཞབས་རྡོ་རྗེ་རྡོ་ལས་བྱོན་པ་སྔར་སུས་ཀྱང་མ་བརྙེད་པ་ཞིག་བརྙེད་ནས་དེ་ཉིད་ལ་བཞུགས། རིན་པོ་ཆེ་ཡང་དགོན་པ་དང་། དྲུང་པས་དབུས་རིའི་རི་ཁྲོད་རྣམས་བསྐོར་བ་ལ་བྱོན་དུས། ཞང་རིན་པོ་ཆེའི་མེད་རིན་པོ་ཆེའི་སྐུ་གདུང་ལས་བྱོན་པའི་དུང་གཡས་འཁྱིལ། བལ་ཡུལ་འཕགས་པ་ཤིང་ཀུན་ལས་བྱོན་པའི་སངས་རྒྱས་འོད་སྲུངས་ཀྱི་གདུང་བཞུགས་པའི་སྒོ་མངས་ཁྱད་དུ་འཕགས་པ་སྔོན་ལྷ་ལུང་དཔལ་རྡོ་རྗེ་ལ་རྒྱལ་པོ་གླང་དར་སྒྲོལ་གཅིག་ཅེས་ལུང་སྟོན་མཁན་གྱི་ཐུབ་པ་གསུང་བྱོན་མ་ཡེར་པ་ནས་གདན་དྲངས་པ་དང་། རྒྱལ་པོ་ཟས་གཙང་མའི་ཚེམས་བསམ་ཡས་ནས་གདན་དྲངས་པ་ར་མོ་ཆེ་ནས་བྱོན། ཏེ་ལོ་པའི་