[A:47]
ཕྱག་རྡོར་འབྲི་ཁུང་ཆོས་རྗེའི་ཐུགས་དམ་འབྲི་ཁུང་ནས་བྱོན། ཇོ་བོ་ན་རོ་པའི་དབུ་རྒྱན་གཞུང་རི་བོ་ནས་བྱོན། མངའ་བདག་མེ་ཏྲི་བའི་ཐུགས་དམ་མཁའ་སྤྱོད་མ། མཁན་པོ་རིན་པོ་ཆེ་ནས་འཆུགས་ཏེ་ཚུལ་ཆེན་ནས་བྱོན། ཨ་བྷ་མངའ་རིའི་ཐུགས་དམ་ལྷན་སྐྱེས། ཇོ་བོ་ཨ་ཏི་ཤའི་ཞབས་རྗེས། ལྩགས་ཀྱི་ཁྲི་བུ། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་ཕྱགས་ལྷམ་ཡེར་པ་ནས་བྱོན། རྒྱལ་པོ་སྲོང་བཙན་སྒམ་པོ་བཞུགས་དུས་བཞེངས་པའི་སྐུ་འདྲ་རྒྱུ་མཚམས་ནས་བྱོན། དབོན་སྟོན་སྐྱེར་པ་སྒང་པས། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ནས་བྱོན། ཤ་མ་མི་ལོ་ཙའི་ཐུགས་དམ་སྤྱན་རས་གཟིགས་འཕྱོང་རྒྱས་གསེར་སྡིངས་ནས་བྱོན། ཏི་ཤྲི་རས་པའི་ཐུགས་དམ་རྡོ་རྣམ་འབྱོར་ལའི་ཐུགས་བརྩེ་སེམས་སྐུ་ཕ་བོང་ནས་བྱོན། ཉང་སྒོམ་ཚོས་འབར་གྱི་ཐུགས་དམ་འཇམ་དབྱངས་དཀར་མ་རྒྱ་དུར་དབུས་གླིང་ནས་བྱོན། གཞན་ཡང་སྐུ་གཟུགས་ཁྱད་པར་ཅན་མང་པོ་བྱོན། བླ་མ་ཏི་ཤྲི་ཀུན་བློ་གོང་ནས་བྱོན་དུས། འདམ་ཀོ་ཁྱིམ་དུ་ཉེ་གནས་གཅིག་གིས་དངུལ་གྱི་གའུ་ཐང་སྟོངས་ལ་ཟགས་འདུག་པ་རྙེད་པའི་ནང་ན། འབིར་ལྦ་པས་སྦྱར་བའི་བདུད་རྩི་རིལ་བུ། ས་སྐྱ་པ་ཆེན་པོ་ཕྱིར་བཅད། ས་སྐྱའི་བླ་མ་རྣམས་ཀྱི་གདུང་། དབུ་སྐྲ། སྐུ་མཚམ་མང་པོ་ཞིག་དཀར་ཆག་དང་བཅས་པ་བྱོན། ཕྱིས་བླ་ཆེན་ཀུན་སློབ་དྲུང་ནས་དཀོན་གཉེར་སློབ་དཔོན་ཤཱཀ་རྡོར་ལ་གནང་བའི་ཀ་མ་ལ་ཤི་ལའི་སྐུ་ཤ། གྷ་ལ་དྷ་རའི་གདུང་ལས་བྱོན་པའི་དུང་གཡས་འཁྱིལ་། ས་སྐྱ་པའི་བླ་མ་གོང་མའི་རྟེན་ཁྱད་འཕགས་མང་པོ་