[A:48]
ཞིག་ཕྱག་ཏུ་བྱོན། བླ་མ་འཇམ་དབྱངས་ཆེན་པའི་ཚེམས་འོད་གསལ་དུ་བྱོན་ནས། རིན་པོ་ཆེ་བེཻ་ཌཱརྱར་གྱུར་པ་བླ་མ་སྤྱི་བསྡུས་པའི་ཕྱག་ནས་བྱོན། གཞན་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་རྟེན་ཁྱད་འཕགས་བྱོན་པ་རྣམས་རྟེན་སྐོང་གི་དཀར་ཆག་ན་མཆིས། བྱེ་བྲག་གི་བཤད་པ་མཚོ་ཆེན་མོའི་རྒྱ་དཔེ་པོ་ཏི་འགའ་གཉལ་ན་བཞུགས་པ་ལས་གཉིས་འདིར་བྱོན། འདི་བོད་དུ་འགྱུར་བ་མེད་ཅིང་། རྒྱ་དཔེ་གཞན་ཡང་མེད་པ་ཡིན། ཉུང་སྒོམ་ཆོས་འབར་གྱི་ཐུགས་དམ་གསེར་གཙོ་བའི་འབུམ་བཅུ་ཡིས་དུམ་དང་། གསེར་ཁྲི། བླ་མ་བཤེན་པའི་ཐུགས་དམ་དངུལ་འབུམ་བཅུ་ཡིས་དུམ་དང་། གཞན་ཡང་གསེར་ཆོས་དང་། སྣག་ཚའི་ཆོས་དཔེ་པོ་ཏི་སྟོང་ཙམ་ཞིག་ཕྱག་ཏུ་བྱོན། མཆོས་རྫས་ཁྱད་པར་དུ་འཕགས་པ་ཆོས་དུང་ཆེན་མོ་འཛམ་གླིང་རྒྱན། བོད་ན་འགྲན་ཟླ་མེད་པ། ཡ་རྩེ་བའི་སྟོན་པ་རིན་རྡོར་གྱིས་ཕུལ། འགྲོ་མགོན་ཆོས་ཀྱི་རྒྱལ་པོས་རིན་པོ་ཆེ་བདེ་བར་གཤེགས་པའི་དུས་སུ་གཟུང་བའི་དམ་ཚིག་རྡོ་རྗེ་དྲིལ་བུ། བླ་མ་བདེ་བར་གཤེགས་རྟིང་། སོན་པ་ཀུན་དགའ་རྒྱལ་གྱིས་ཕྱག་ཏུ་བྱུང་བ། མ་གཅིག་མཁའ་འགྲོ་འབུམ་ཡུམ་སྲས། བླ་མ་འཇམ་དབྱངས་ཆེན་པོ་སྐུ་མཆེད་ཀྱི་ཕྱག་ཏུ་རིམ་པར་བརྒྱུད་པ་དང་། སློབ་དཔོན་བདག་ཉིད་ཆེན་པོ་དྷ་རྨ་པའི་ཕྱག་གི་གང་ཐུགས་བརྒྱ་པ་དེ་མ་གཉིས། བླ་མ་ཤར་པ་ཀུན་དགའ་བསོད་ནམས་རྣམ་པས་ན་ནིང་ནང་ཕྱག་ཏུ་བྱོན་ཏེ། འདི་ནི་བོད་་་་???????