R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 55
[A:55] ??? དགེ་བའི་བཤེས་གཉེནན་ལ་མ་བསྟེན་ན་ཐར་པ་སྒྲུབ་པའི་ཐབས་ཡོད་དེ། བསྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་གཉེན་ཏོ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། ཞེས་གསུངས་པ་ལྟར། མཚན་ཉིད་དང་ལྡན་པའི་བླ་མ་དང་མཇལ་བ་ནི། བསོད་ནམས་བསགས་པའི་མཐར་ཐུག་རྙེད་པའི་མཆོག་ཡིན་ཏེ། མཚན་ཉིད་དང་ལྡན་པའི་བླ་མ། རྡོ་རྗེ་སློབ་དཔོན། ཐེག་པ་ཆེན་པོའི་དགེ་བའི་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་དང་མཇལ་ཞིང་རྗེས་སུ་གཟུང་། བླ་མ་འདི་ཐམས་ཅད་ལ། རབ་སྒྲུབ་པའི་ཞབས་ཏོག་ནི། བླ་མས་གང་ཐོབ་པའི་ཆོས་ཐམས་ཅད་ཚིག་རྣམས་ལས་མ་དྲེད། དོན་རྒྱུད་ལ་མ་ནོར། ལག་ལེན་སྲེས་སླད་དུ་མ་སོང་། གནད་འབོག་ཅོལ་དུ་མ་འདྲེས། གདམས་པ་དཔེ་ཆ་ལ་མ་ལས་པར། རང་རང་གི་བཤད་ཚད། བཀའ་སྲོལ། བཞེད་གཞུང་གང་ཡིན་ཐུགས་སུ་ཆུད། ཉམས་སུ་ལེན། ཆོས་རྒྱུད་འཛིན་པ་ཡིན། དེ་ཡང་སྤྱོད་འཇུག་ལས། ལུས་ཀྱིས་འདི་དག་དཔྱད་པར་བྱ། ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། ནད་པ་དག་ལ་ཕན་འགྱུར། ཞེས་པ་ལྟར། ཐོས་པ་ཐམས་ཅད་ལུང་ཐོབ་པ་ཙམ་ལ་མི་འཇོག་པར། མ་འདྲེས་ཡོངས་རྫོགས། ངོ་བོ་དབྱེར་མེད་དུ་ཉམས་སུ་ལེན་པའི་རྩེ་གཅིག་འདི་སྒྲུབ་པ་མི་ལོ་ཉི་ཤུ་རྩ་ལྔ་རུ་མཛད་པས། སྒྲུབ་པ་རབ་ཀྱི་ཚད་དུ་སྐྱེལ་བ་ལགས། འབྲིང་ལུས་ངག་གི་ཞབས་ཏོག་ནི།