R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 54
[A:54] བཟང་པོ་ལ། ལས་ཀྱི་སློབ་དཔོན་ཞུས། མཁན་ཆེན་ཤེས་རབ་མགོན་པ་ལ། གསང་སྡེ་སྟོན་པ་ཞུས་ནས། དད་པའི་དགེ་འདུན་དགེ་སློང་ཉི་ཤུ་རྩ་བཞི་ཙམ་དང་འཛོམས་སར། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཤིང་། དགེ་སློང་གི་དངོས་པོ་བརྙེས་པར་མཛད། མཁན་སློབ་དགེ་འདུན་ཐམས་ཅད་ཡོན་གྱིས་མཉེས་པ་དང་། རབ་ཏུ་གནས་པའི་སྟོན་མོ་རྒྱ་ཆེར་མཛད། དེའི་ཉིན་མོ་རིང་ནས་བསམ་པའི་དོན་གྲུབ། བརྩོན་ར་ལས་ཐོན། ཆུ་བོ་ལས་རྒལ། མི་འཇིགས་པ་ཐོབ། བསིལ་བར་གྱུར། རྙོག་པ་མེད། རབ་ཏུ་དགའ་བའི་ས་ཐོབ་པ་ལྟ་བུའི་དགྱེས་ཚོར་ཆེན་པོ་བྱུང་བར་གདའ། དེ་ནས་བཟུང་ནས་ཤཱཀྱའི་དགེ་སྦྱོང་། བསླབས་པ་འཛིན་པ། ཡོན་གྱི་གནས། ལྷ་དང་མི་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་འོས་སུ་གྱུར་པ་ལགས། དེ་ཉིད་ཀྱི་རྣམ་པར་ཐར་པའི་རྗེས་སུ་འཇུག་པས། ཡུམ་དང་སྲས། སློབ་མ། འཁོར་གཡོག །། སྐལ་བ་དང་། བསོད་ནམས་དང་ལྡན་པ་གང་ཡིན་པ་ཐམས་ཅད། སྡིག་པ་དང་སྡུག་བསྔལ་ལ་མ་ཚུད། ཁྱིམ་ནས་མངོན་པར་བྱུང་སྟེ། དགེ་འདུན་དཀོན་མཆོག་གི་གྲལ་དུ་གཤེགས་པ་ལགས་མོད། དགུང་ལོ་བཞི་བཅུ་ཞེ་བརྒྱད་པ་ལ། གོང་དུ་ཁ་གཏད་ནས། ལྗིད་ཁུར་ཕོགས་པའི་ལུང་ཡང་སློབ། དེ་ཕྱིར་བཅད་བག་ཚ་བ་དང་། དགོས་པ་མི་མངའ་བས། གཙུག་ལག་ཁང་འདི་དང་། བདག་ཅག་རྣམས་ལ་ཕན་པའི་ཆེད་དུ། ཆེན་པོ་རྣམས་དང་ལན་རེ་ཙམ་མཇལ་བ་དང་། ཆོས་མཐུན་གྱི་ཞལ་ཏའང་བག་རེ་མཛད་པ་ལགས། བསྙེན་པར་རྫོགས་ནས། སྐྱིད་ཆོས། བཏང་སྙོམས་ལས་པ་མ་ཡིན། བླ་མ་དང་སངས་རྒྱས་མཁས་གྲུབ་