[A:56]
ལྡན་པའི་སྐུ་དྲིན་ཆེན་པོ་རྣམས་གཙུག་གི་ནོར་བུ་ལྟར་བཀུར་བ་སྨོས་ཅི་མཚལ། ཆོས་ཀྱི་འབྲེལ་ཚད་བརྒྱུད་པ་དང་བཅས་པ་ལ་ངོ་ལྐོག་མེད་པར་ཕྱག་དང་ཞེ་ས། བཀུར་སྟི་དང་མཛད་ཅིང་། བརྙས་པ་དང་། མི་གུས་པ་རྣམ་པ་དུས་ནམ་ཡང་མི་མངའ། ཐ་མ་ཟང་ཟིང་གི་ཞབས་ཏོག །། བླ་མ་ཐམས་ཅད་ལ་བཞུགས་དུས་བསྙེན་བཀུར་དང་འབུལ་བ། གཤེགས་དུས་རྟེན་དང་དུས་མཆོད། གདན་ས་དང་སློབ་མ་ཐམས་ཅད་ལ་སྐྱོངས་དང་ཞབས་ཏོག་རྒྱ་ཆེན་པོ་མཛད། ལོངས་སྤྱོད་འཕངས་མེད་དུ་གཏོང་བ་ཡིན། དེ་ལྟར་མཉེས་པ་གསུམ་གྱིས་བླ་མ་དམ་པ་རྣམས་མཉེས་པར་མཛད་པས། ལམ་ཟབ་མོ་དུས་ཐམས་ཅད་ཀྱི་ལམ་ཚང་དུ་རྫོགས་ཏེ། ཡོན་ཏན་གང་བཞུགས་བུམ་པ་གང་བྱོའི་ཚུལ་དུ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཞུགས་པས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། བྱིན་རླབས་ཀྱི་ཐུགས་དང་མོས་གུས་ཀྱི་ཡིད་འདྲེས་པས། ལུང་གི་ཆོས་ཇི་སྙེད་པ་དང་། རྟོངས་པའི་ཆོས་ཇི་ལྟ་བ་མཁྱེན་པའི་ཡིད་སེམས་ཀྱི་ངོ་བོར་དབྱེར་མེད་དུ་གྱུར་པ་ཡིན་ནོ། བླ་མ་དེ་རྣམས་ལ་བཀའ་དྲིན་ཐོབ་པའི་ཚུལ་ནི། ལུང་རིག་གདམས་པ་མང་དུ་ཐོས་པས་ཕྱུག །། དེ་དོན་བསམ་པས་བདེན་གཉིས་སྒྲོང་དགོས་ཆོད། ????སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་ས་མ་ནི་རབ་ཏུ་སྦྱོར། ཞེས་པ་ལྟར། བསྟན་པའི་བྱ་བ་གསུམ་ཇི་ལྟར་མཛད་པའི་ཚུལ་ལས། དང་པོར་མི་ཤེས་པ་ཀུན་ཤེས་པར་བྱ་བའི་ཕྱིར། མཚན་ཉིད་དང་ལྡན་པའི་བླ་མ་གང་དང་གང་ལས། ལུང་རིག་དང་གདམས་པ་མང་དུ་ཇི་ལྟར་ཐོས་པའི་ཚུལ་ནི། བླ་