[A:78]
པ་བསོད་ནམས་ཚུལ་ཁྲིམས་ལ། འདུལ་བ་ལུང་གི་ལུང་ཞུས། པནྜི་ཏ་ཨུ་མ་པ་ཏི་ལ། འཇམ་དཔལ་སེང་གེ་རྣམ་པར་རོལ་པ་གཅིག་མ། ཤེས་རབ་སྙིང་པོ་ལ་སོགས་རྣམས་ཐོབ། མཚན་སངས་རྒྱས་སྡེ་ཞེས་བཏགས། སློབ་དཔོན་ཀུན་དགའ་ཉི་མའི་རྒྱལ་མཚན་དཔལ་བཟང་པོ་ལ། དབུ་མ་ལུགས་ཀྱི་སེམས་སྐྱེད། ཚད་མ་རྣམ་འགྲེལ་ཐོབ། བླ་མ་ཆེན་པོ་ཀུན་དགའ་ལེགས་པའི་བྱུང་གནས་ལ་ཚད་མ་རྣམ་འགྲེལ་ཐོབ། བླ་མ་ཏི་ཤྲི་ཀུན་དག་རྒྱལ་མཚན་ལ། དབུ་མ་ལུགས་ཀྱི་སེམས་སྐྱེད། བདུར་མགོན་གྱི་རྗེས་གནང་ཐོབ། བླ་མ་གཅེན་པོ་དོན་ཡོད་རྒྱལ་མཚན་པ་ལ། ས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་རྒྱས་པ། ཆོས་སྐྱོང་གི་རྗེས་གནང་སེམས་སྐྱེད་ཐོབ། བླ་མ་ནམ་མཁའ་རྒྱལ་མཚན་ལ་དབུ་མ་ལུགས་ཀྱི་སེམས་སྐྱེད་ཐོབ། བླ་མ་ཤར་པ་སེང་གེ་དཔལ་ལ་སེམས་སྐྱེད་ཐོབ། མཁན་པོ་བྱ་སྟེར་བ་བྱང་ཆུབ་གཞོན་ནུ་ལ། རྣམ་ཐོས་སྲས་ཀྱི་རྒྱུད་ཡིད་བཞིན་ནོར་བུ། སྒྲུབ་ཐབས་བདེ་བྱེད། དྲག་བྱེད་ཆོས་སྐྱོང་གི་རྗེས་གནང་། གཏོར་ཚོགས་ལ་སོགས་རྣམས་ཐོབ། སློབ་དཔོན་གཞོན་ནུ་ལ། འགྲོ་བའི་མགོན་རིན་པོོ་ཆེ་འདི་བཀའ་བུམ་ཞུས། ལྷ་སྡེ་པའི་དབུ་མཛད་སློབ་དཔོན་གཞོན་དབང་ལ་བདེ་མཆོག་རྩ་རྒྱུད། མངོན་པར་མཛོད་ཀྱི་གནས་གསུམ་པ། མཀས་པ་བསོད་རིན་གྱིས་མཛད་པའི་མདོ་སྡེ་ལས་ཀྱི་མེ་ལོང་། ཞང་འཚང་པའི་གདམས་ངག །། ན་རོ་ཆོས་དྲུག་ཀ་དཔེའི་ལོ་རྒྱུས། དོན་བསྡུས་པ། སྙིང་པོ་དོན་གསལ་བ། ལྟ་བ་པའི་ཚིག་བསྡུས་པ། བདུད་རྩི་ཆུ་རྒྱུན་མར་པས་མདོ་སྡེའི་དོན་དུ་མཛད་པ་དང་བཅས་པ། ཕྱག་རྒྱ་ཆེན་པོ་ལྷན་བཞི་སྐྱེས་སྦྱོར། འཕོ་བ་གསེར་སྲང་མ། སྒྲོལ་