[A:79]
༄༅ མ་ཡིད་བཞིན་འཁོར་ལོ། ཕྱག་ན་རྡོ་རྗེ་གཏུམ་པོའི་སྒྲུབ་སྐོར། བར་པོ་དམར་ཁྲིད། ཕག་མོ་གྲུ་པའི་ཐབས་ལམ་ཚིགས་བཅད་མ། ཕྱག་བཞི་པའི་རྒྱུད་ཁྲག་མཚོ་ཁོལ་མ་དང་། རྒྱུད་ཕྲན་བཞི། ཡེར་བ་བའི་གདམས་པ་སྐོར་གསུམ། གཅིག་ཆར་པ། རིམས་གྱིས་པ། ཁ་འཐོར་བ་དང་གསུམ་ཞེས་པ་འམ། དེའི་སྐོར་དུ་ཆོས་དྲུག་ཟེར་ལྔ་བོགས་འདོན་དང་བཅས་པ་སྟེ་ལྔའམ། ཁ་འཐོར་བའི་ནང་ཚན་ལ་བཅུ་གཅིག་སྟེ་ལམ་གཅིག་འཆར་བའི་ཐོག་བབས་རྩ་བ། བརྡ་སྐོར་ཕྲན་དང་བཅས་པ། དོན་གྱི་ཚད་མ། ལམ་རིམ་གྱིས་སའི་དབང་ཆོག །། ཁྲིད་ཡིག་ལྷན་ཐབས་གཉིས། ལམ་ཁ་འཐོར་བ་ལ། ན་རོའི་ཆོས་དྲུག །། གགས་སེལ་གཟེར་ལྔ་ཞལ་གདམས་དང་བཅས་པ། བོགས་འདོན་བདག་ཉིད་ཆེན་མོའི་ཚོགས་བསོག་ལ་སོགས་རྣམས་ཐོབ་བར་ཐོབ། བཀྲིས་ཚེ་རིངས་མའི་རྗེས་གནང་དང་སྒྲུབ་སྐོར། འགུར་ལོ་རྒྱུས་དང་བཅས་པ་ལ་སོགས་རྣམས་ཐོབ། སློབ་དཔོན་དགེ་སློང་ལ་ལམ་འབྲས་ཞ་མའི་ལོ་རྒྱུས། གྷ་ཡ་དྷ་རས་མཛད་པའི་རྩ་བ། མཉམ་མེད་རིན་པོ་ཆེའི་ཁྲིད་ཡིག །། ས་བཅད་བསྡུས་དོན། བདེ་བ་ལྷ་ལ་བསླབ་པ་ལ་སོགས་གཞི་ལ་གནས་པའི་བུམ་དབང་། ལམ་གྱི་དབང་འདུན། དབང་ཆུ་གཏེར་བ་གཅིག་སྟེ་ལམ་དབང་བསྡུས་པ། སྐུ་གསུང་ཡེ་ཤེས་ལྔའི་ཡི་གེ། བདག་མེད་མའི་མངོན་རྟོགས་བསྡུས་པ་དང་བཅས་པ་ལ་སོགས་རྣམས་ཐོབ། སློབ་དཔོན་ཞོངས་པ་བ་དར་མ་དཔལ་ལ། བརྟག་པ་དང་ཕྱག་ན་རྡོ་རྗེའི་བསྐྱེད་རིམ། བསྒོམ་བཟླས། གཏོར་མའི་རྗེས་ལ་སོགས་ཐོབ། སྔགས་འཆང་རིན་བཟངས་ལ་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཀྱི་ལུང་ཐོབ། སློབ་དཔོན་སྒོ་བཀྲས་ལ་ཚེ་བདག་སྤྱི་འདྲིལ་