R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 7
[A:7]་ ༄༅ གཙུག་ལག་ཁང་དེའི་ཞབས་ཏོག་སྒྲུབ་པའི་ཆེད་དུ་དེ་དང་ཉེ་བར་དཔལ་ལྡན་བླ་མ་ཉིད་སྔོན་གྱི་སྐུ་ཚེའི་རབས་ལ་འགྲོ་བའི་མགོན་པོར་གྱུར་པས་བཞེངས་པ། གདན་ས་ཆེན་པོ་ཚལ་གུ་ཐང་གི་གཙུག་ལག་ཁང་གི་འདབ་དུ་སྐྱེ་བ་བཞེས་པ་ནི། སྨོན་ལམ་གྱི་དབང་གིས་ཏེ། དེའི་ཕྱིར་དོན་གྱི་སླད་ནས་སྨོས་པའི་མཚན་ཡང་རབ་ཏུ་མ་བྱོན་གོང་དུ། སྨོན་ལམ་རྡོ་རྗེ་ཞེས་བྱ་བ་དང་། རབ་ཏུ་བྱོན་ནས་ཤཀྱཱའི་དགེ་སྦྱོང་སྨོན་ལམ་རྒྱལ་མཚན་དཔལ་བཟང་པོ་ཞེས་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པ་ཡིན། སྨོན་ལམ་དབང་གིས་གྲུབ་པའི་སྐྱེ་བོ་དེ་ནི། སྐལ་ལྡན་བསགས་པ་རབ་ཀྱི་ཕུལ་བྱུང་བས། མཐོ་རིས་ཡོན་ཏན་བདུན་ལྡན་མི་ཡི་མཆོག །། མངོན་མཐོ་དེས་ལེགས་དཔལ་འབྱོར་བ་ཕུན་སུམ་ཚོགས། ཁྱད་འཕགས་འགྲན་ཟླ་བྲལ་ལ་ཕྱག་འཚལ་ལོ། བྱུང་ཆུབ་ཐོབ་པའི་སྐལ་བ་རྒྱལ་བའི་སྙིང་པོ་རྒྱས་པར་འགྱུུར་བའི་རིང་དང་ལྡན་པས། བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་པ་རབ་ཀྱི་ཕུལ་དུ་བྱུང་བའི་ཕྱིར། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དཔལ་འབྱོར་ཐམས་ཅད་ཕུན་སུམ་ཚོགས་པའི་བདག་ཉིད་ཡིན་པས། སྐུ་ཚེ་བསྟན་པ་འདི་ཡང་སྐྱེ་བོ་གཞན་ལས་ཚོས་ཕུན་སུམ་ཚོགས་པ། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ་སྟོན་པ་མཛོད། སློབ་དཔོན་དབྱིག་གཉེན་གྱིས། ཡོན་ཏན་བདུན་བརྗོད་པའི་གཏམ་ལས། ཚེ་རིང་དེ་གཞན་ནད་མེད་དང་། གཟུགས་དང་སྐལ་བ་བཟང་དང་རིགས་ནོར་དང་ཤེས་རབ་དག་དང་བདུན། ཡོན་ཏན་མདོ་སྡེ་དག་ལས་གསུངས། ཤེས་སོ། དེ་ལ་རིགས། གཟུགས། ཚེ་རིིང་བ། ནང་མེད་པ། ནོར་གྱིས་དབང་ཕྱུག་རྣམས་ནི་མཐོ་བ་སྲིད་པའི་ཕྱིར་དང་མཐུན་པའི་དཔལ་