R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 84
[A:84] ཡང་ཕོག་ཐུག་དང་། ཐ་ན་རྨི་ལམ་རྩུབ་པའང་མི་ཡོང་། དྲུང་ནས་བྱ་བ་མཛད་དུས། སྒྲགས་ལ་ཕར་ནང་མ་བྱོན། ཤཀྱཱ་འབུམ་གསེར་ཡིག་བཏགས་ནས་སྔོན་མ་འགྲོ་ཡིན་ཡོད་པ། རྟ་ཐོག་ཏུ་གཉིད་ཡུར་བས་འདི་ལྷུང་ན་དེད་ལ་ཁག་ཡོང་ཟེར་ནས་བྲག་དམར་བཙན་དཔོན་གཡོག་གསུམ་གྱིས་བརྟེན་པའི་ལོ་རྒྱུས་ཡོད། མི་གདོན་ཅན་གྱི་མཇལ་ཕྲད། རྫོགས་ཆེན་ཅན་ཕྱག་ཏུ་ཇི་འདྲ་བྱུང་ཡང་། གདོན་གྲིབ་དང་གནོད་པ་མི་ཡོང་ཀླུངས་ཤོད་ན་ཕར་བྱོན་ཙ་ན་བུ་མོ་རྟག་པར་འདྲེས་ཁྲིད་པ་གཅིག་གིས་བྱིན་རླབས་ཞུས། གཏོར་མ་དང་བསྲུང་དར་མཛད་པད་གྲོལ་བར་བྱུང་། དེ་ལྟ་བུ་གདོན་གྱིས་གཙེར་མ་དང་ནང་པ་ཇི་འདྲས་བྱིན་རླབས་ཞུས་ཀྱང་ཕན་ཐོགས། མདོན་མི་བས་མི་མ་ཡིན་གདུལ་བྱ་ཆེ། བཟང་བའི་རབ་ཏུ་གྱུར་པ་ཡིན། འབྲས་བུ་གསང་སྔགས་ཀྱི་མཐར་ཕྱིན་ཏེ། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། བཟླས་ནུས་ཐོན་པས། མི་དང་མི་མ་ཡིན་པ་འདུལ་བར་ནུས། དབང་བསྐུར་བྱིན་རླབས་ཀྱི་དུས་སུ། སློབ་མ་ཐམས་ཅད་མངོན་སུམ་དུ་རླུང་སེམས་ཐིག་ལེ་དབུ་མར་བསྡུས་ནས། རྡོ་རྗེའི་ཡེ་ཤེས་བབ་པར་ནུས། རབ་གནས་མཛད་ཚད་ལེགས་པ་འབའ་ཞིག་ཡོང་། དཀྱིལ་འཁོར་བཞེངས་ནས་ཆོ་ག་མཛད་པའི་ཚེ། ཞལ་རས་འཛུམ་མདངས་གཟི་བརྗིད་བལྟ་བས་མི་ངོམས་ལ། ལྟར་མི་བཟོད་ལ་ཁད་པ་འདྲ་འབྱོན། ཆོ་ག་ཞག་མ་མང་དུ་སོང་གིན་རྡུལ་ཚོན་གྱི་དཀྱིལ་འཁོར། རང་རེ་རྣམས་དཀྱིལ་འཁོར་གང་གཟི་མདངས་ཆེ་ལྟོས་དང་གསུང་ཞིང་། ཞལ་ཕོའང་མཛད། དོན་ལ་སྤྲུལ་པའི་དཀྱིལ་འཁོར་