[A:86]
བར་གདའ། འཇིག་རྟེན་གྱི་གསུང་དང་མཛད་པ་སྟོན་རུང་། ཆོས་ཀྱི་གསུང་དང་མཛད་པ་སྟོན་རུང་། གཞན་ལ་མི་ཕན་པ་དང་དོན་མེད་པ། དགོངས་བཞིན་དུ་མ་མཛད་པ་གང་ཡང་མེད། ཐ་ན་མི་དཔོན་མཛད་དུས་མིག་བཏོན་པས་སྒོམ་སྐྱེས་པ་དང་། བརྡུང་ཐག་བྱས་པས་ནད་ཐོན་པའང་ཡོད། ཀུན་སློང་དགེ་བའི་རང་གཟུགས་ཀྱིས། ཅི་མཛད་འགྲོ་དོན་དུ་གྱུར། དེའི་དོན་གྱི་མཐོང་ཚད་མིག་འདྲེན་བཟང་། ཐོས་ཚད་གོ་ཆ་སྐྱེ། དྲན་ཚད་རྣྱམ་ཐར་འགོད། རེག་ཚད་བྱིན་བརླབས་འཇུག །། འབྲེལ་ཚད་ཆོས་འཇིག་རྟེན་གཉིས་ཀྱི་དོན་ཆེན་པོ་དང་ལྡན་ཏེ། རི་རབ་གསེར་གྱི་ངོས་ལ་དངོས་པོ་ཐམས་ཅད་གསེར་དུ་སྣང་བ་ལྟར། དྲུང་འདི་པའི་སྐུ་དྲིན་ལ་འབགས་ཚད་ཕལ་ཆེར་ཇི་མཐོང་ཇེ་འདྲ་གཉིས་ཇེ་བཟང་། སྐྱོན་ཇེ་ཆུང་། ཡོན་ཏན་ཇེ་ཆེ་ལ་འགྲོ་བ་ཡིན་འདུག །། ལས་ཀྱི་བརྡུགས་པ་རྣམས་ལ་ཐབས་ཅི་ཡོད། ཆོས་པ་རྣམས་ཆོས་སྤྱོད་ཅིང་། ཆོས་ཀྱི་མི་སླུ། ཆོས་མགོ་ཐོན་པ་ལྟ་ཅི་སྨོས། འཇིག་རྟེན་པ་རྣམས་ཀྱང་ཅི་བྱེད་ཆོས་དང་བསྟུན། ཅི་འབྱོར་ཆོས་ཕྱོགས་སུ་གཏོང་བས། གཞན་གྱི་ཆོས་པ་ཕལ་པས། འདི་པའི་ཧོར་འདྲ་གཤིས་དགེ་བ་དང་། གྲོགས་རྟགས་བཟང་བ་མང་པོ་ཡོང་གིན་གདའ། མི་ནས་མིར་སྐྱེས་པའི་སྐྱེ་བ་དྲན་པའང་བཅུ་གསུམ་ཙམ་ད་ལྟའང་བགྲང་དུ་འདུག །། ཐུགས་རྗེའི་བྱིན་བརླབས་དང་། ཕྲིན་ལས་ཀྱི་སྐལ་བ་བཟང་པོ་རྣམས་མཆོག་འཐོབ། འབྲིང་རྣམས་གྲོལ། སྐལ་བ་ཐ་མ་རྣམས་སྨིན། སྐལ་བ་ཡང་བདག་ལྟ་བུ་རྣམས་ཆོས་ཀྱི་སྐལ་བ་ཆད་ཀྱང་འཇིག་རྟེན་གྱི་འབྲེལ་སྨད་ཙམ་ལ་དྲུད་མ་བཤལ་དུ་འདྲོངས་པར་གདའ་བ། ཞེ་ཐག་པར་གདུང་བས་གསོལ་བ་བཏབ་ཙ་ན་འཇིག་རྟེན་གང་ལའང་འཕྲལ་འཕྲལ།