[A:87]
དུ་བྱིན་བརླབས་མངོན་སུམ་དུ་འབྱོན་གྱིན་འདུག །། སྐད་གཅིག་རེ་རེ་ལའང་སྐུ་དྲིན་བསམ་གྱིས་ག་ལ་ཁྱབ། ཇི་ལྟར་བྱས་མི་སླུ་ངེས་པར་འདུག་གོ། སྤྱིར་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦེད་པ་ལ་གཙོ་བོར་མཛད། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་བསྟན་པ་ཐོབ་ཅིང་། མཐར་ཕྱིན་ནས་ཀྱང་བདག་ལྟ་བུ་སྟོན་ག་ལ་ཡོད། གང་ཟག་དམ་པ་མཁས་བཙུན་བཟང་གསུམ་འཛོམ་པ། འཇིག་རྟེན་གྱི་ཡོན་གནས་འདི་ཙམ་བཞུགས་པ་ལ་ཆོས་ཉོན་ལ། སྒྲུབ་པ་ནན་ཏན་དུ་གྱིས་ཤེས་གསུངས། ཆོས་བཀའ་ཤིན་ཏུ་དམ་པར་མཛད། འོན་ཀྱང་སྐལ་བ་དང་ལྡན་པའི་གདུལ་བྱ་་་་དམ་པ་རྣམས་ཀྱི་གདུང་བ་ཆེན་པོས། ཡང་ནས་ཡང་དུ་གསོལ་བ་བཏབ་པའི་ངོོོ་མ་ཟློགས་ཤིང་། ཕན་པའི་དོན་ཆེན་པོ་གཟིགས་ནས་གདུལ་བྱའི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་འབོགས་པའི་ལས་ལ། སློབ་དཔོན་གྱི་གོ་འཕང་མཛད་ནས། ལེགས་པར་གསུང་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། དགེ་ཚུལ་དུ་གནས་པ་ལྔ་བརྒྱ་དང་གཅིག །། བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོ་ལ་བཀོད་པ་བརྒྱ་དང་གཅིག །། དགེ་བསྙེན་བདུན་བཅུ་རྩ་དྲུག །། བསྙེན་གནས་བླངས་པ་བགྲང་གིས་མི་ལང་། ཐེག་པ་ཆེན་པོར། ཀུན་རྫོབ་སྨོན་འཇུག་གི་བྱང་ཆུབ་སེམས་བསྐྱེད་པའི་ཆོ་ག་ཆེན་མོ་ལན་གསུམ་གནང་བ་ལ། བྱང་ཆུབ་ཀྱི་སེམས་ངེས་པར་དུ་འཁྲུངས་པའི་བྱང་ཆུབ་དེའམ་དྲུག་བརྒྱ་དང་གསུམ་བྱུང་། ཐུགས་བསྐྱེད་སྔོན་མའི་རེས་སྣམ་སྦྱར་གསོལ་ཞིང་བཞེགས་ཏེ། ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ལ་མཁྱེན་པར་གསོལ་བ་མཛད་པའི་དུས་སུ། ཚོགས་པ་ཐམས་ཅད་ཡེ་ཤེས་ཆེན་པོ་འབར་ཞིང་། བདེ་