R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 91
[A:91] དགེ་བའི་བཤེས་གཉེན་དགེ་འདུན་ལྔ་བརྒྱ་ཙམ་གྱི་བླ་ཆོས་པ། སྡེ་སྣོད་འཛིན་པ་ཆེན་པོ་སློབ་དཔོན་བློ་གྲོས་བཟང་པོ་དང་། ཟུར་ཆོས་པ་ཆེན་པོ་ཉི་ཟླ་ཟུང་གཅིག་ལྟ་བུ། དགེ་བའི་བཤེས་གཉེན་ཤེས་རབ་འཕེལ་དང་། བསོད་ནམས་དཔལ། རྒྱལ་པོའི་ཕོ་བྲང་དུ་དུ། འཚལ་པའི་སྡེ་དཔོན་མཛད། སློབ་དཔོན་ཤེས་རབ་རལ་གྲི་ལ་སོགས། ལྷོ་བྲག་དང་རོའི་མཁམ་པོ་ཡོན་ཏན་རྒྱལ་མཚན། ནེའུ་ཐོག་གླིང་སྟོན་ཀྱི་སློབ་དཔོན་ཤེས་རྒྱལ་ལ་སོགས་དང་། འབྲས་བུའི་ཐེག་པ་སྟོན་པ་ལ། ལྷོ་པ་ཐམས་ཅད་མཁྱེན་པའི་གདན་ས་བླ་མ་སུལ་ཆེན་པ་བསོད་ནམས་སེང་གེ། ལོ་ཙ་བ་ཆེན་པོ་གྲགས་པ་བྱིན་གྱི་གདན་ས་བ། སློབ་དཔོན་ལོོ་ཙ་བ་བསོད་ནམས་ཤེས་རབ་ལ་སོགས་བྱུང་། བཙུན་པའི་མཆོག་གཡོར་པོ་ཆུ་རྒྱུད་ཙམ་ལ་གྲགས་པ་ཐོབ་པའི་གནས་བརྙན་ཆེན་པོ་མཁན་པོ་སྤྱན་གཡས་པ་གཞོན་ནུ་གྲགས། དབུ་རུ་སྟོད་ནས་བཀའ་གདམས་ཀྱི་དངས་མ། ལྷས་ཕུད་དགོན་གསར་གྱི་མཁན་པོ་གཞོན་ནུ། སྐྱོར་མོ་ལུང་གི་འདུལ་འཛིན་སྟོང་ཕྲག་ཙམ་གྱི་མཁན་སློབ། སློབ་དཔོན་ལྷ་དབང་ཕྱུག་རྒྱལ་མཚན། མཁན་པོ་བཤིས་པ་ལ་སོགས་བྱུང་། བཟང་བའི་མཆོག་བླ་མ་བདན་པ་བ་རིན་ཆེན་རྒྱན་ལྡུ་དཔལ་ས་སྐྱའི་གདུང་བརྒྱུད་རིན་པོ་ཆེ་རྣམས་ཀྱིའང་གཙུག་གི་ནོར་བུར་གྱུར་པ། རྗེ་བཙུན་གསང་བའི་བདག་པོ་ཆེན་པོ་དེ་འདྲ་བཞུགས་པ་ཡིན། དགས་པོ་བཀའ་རྒྱུད་སྤྱིའི་མོས་པ། མགོན་པོ་ཟླ་འོད་གཞོན་ནུའི་སྐུའི་དབོན་པོ། གདན་སའི་རྒྱལ་ཚབ། བླ་མ་སྒམ་པོ་བ་ཆོས་ཀྱི་རྒྱལ་མཚན། བསམ་སྡིངས་པའི་ཆོས་བརྒྱུད་འཛིན་པ་ལ། སྒྲུབ་ཚུགས་མ་མཆོག་ཏུ་གྱུར་བའི་སློབ་དཔོན་ཤཱཀྱ་སེང་གེ། འཚལ་པ་རིན་པོ་ཆེ་ཤཱཀྱ་འབུམ་གྱི་དབོན་པོ་