R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 92
[A:92] བསམ་སྡིངས་ཀྱི་སྒོམ་ཆེན་སྤྱིའི་དབུ་མཛད་སློབ་དཔོན་ཤེ། སྒོམ་ཆེན་མང་པོོའི་གཙུག་གི་ནོར་བུ་རྟོགས་ལྡན་དར་མ་རྒྱལ་མཚན། རས་ཆུང་པའི་སྤྲུལ་པར། གྲགས་པ་བླ་མ་ལྷོ་པ་དངོས་གྲུབ་བཟང་པོ། བླ་མ་ཙ་རི་བ། གཙང་གི་བླ་མ་ལ་རབ་བ་རིན་ཆེན་ཆོས་དྲུག །། སེ་བ་ཆོས་སྡིངས་ཀྱི་རྟོགས་ལྡན་འོད་ཟེར། མྱང་སྟོད་ཆོས་ལུང་གི་སྟོན་པ་འོད་ཟེར་ལ་སོགས་བྱུང་། གོ་འཕང་ཆེན་པོ་ལ་གནས་ས་འགྲོ་བའི་མགོན་པོ་རིན་པོ་ཆེའི་གདན་ས་པ། རིན་པོ་ཆེ་ཡང་དགོན་པའི་དབོན་པོ་དད་རིན་དང་། ཡང་དགོན་པའི་གྲ་པ་སྟོང་ཕྲག་ཙམ་གཅིག་གི་དབུ་མཛད། སློབ་དཔོན་ལྷ་བཙུན་ཤཱཀྱ་བསོད་ནམས་དང་། འཚལ་པའི་བུ་ཆེན་བཞིའི་ཆེ་ཤོས་དང་ལྡན་ལྷ་ཕྱུག་མཁར་པའི་གདན་ས་བ་བླ་མ་རུ་ཐོག་པ་ཤཱཀྱ་རྒྱ་མཚན་དང་། འཇུ་ཕུ་བ་ཤེས་རབ་འཕེལ། བུ་ཆེན་གཉིས་པ་རོ་སྐམ་གྱི་གདན་ས་བ་བླ་མ་ནམ་མཁའ་སེང་གེ། བླ་མ་གན་པའི་དབོན་པོ་གདན་ས་བ་སེང་གེ་རྒྱལ་མཚན། ལྷ་རིའི་བའི་བུ་ཆེན་ཁྱ་དཀར་མོ་བའི་གདན་སའི་བསོད་ནམས་བཟང་པོ། ཕ་བོང་ཁའི་བླ་མ་གདན་ས་བ་དོན་གྲུབ་དཔལ། འབྲོའི་གདན་ས་བ་སློབ་དཔོན་ཀུན་དགའ་རྒྱ་མཚན། ཐང་པོ་ཆེ་ལྷ་རིའི་བླ་མ་ཀུན་དགའ་འབུམ། བླ་མ་འོལ་ཁ་བའི་སྒྲོད་ལུང་གི་གདན་ས་བ། རྟོངས་གཞུང་པའི་དབོན་པོ་རྒྱུད་སྡེ་འཛིན་པ་སློན་དཔོན་སངས་གྲགས། ལྷོ་ས་ཡག་པའི་དབོན་པོ་སྨྲོལ་ཡོན་ཏན་རིན་ཆེན། བླ་མ་ཏིི་ཤྲི་ཀུན་དགའ་བློ་གྲོས་ཀྱི་དཀོན་གཉེར་གྱི་གཙོ་བོ་སློབ་དཔོན་ཤཀྱ་རྡོར། ཡ་རྩེ་རྒྱལ་པོའི་བླ་མ་མཆོད་གསེར་ཐོག་པ་རིན་རྡོར། དབུས་གླིང་གི་ས་ལུགས་ཀྱི་གྲ་པའི་བླ་ཆོས་པ་སློབ་དཔོན་རིན་ཆེན་དཔལ། དོལ་བཤིས་པའི་འདུལ་གྲའི་མཁན་པོ་བློ་གྲོས་རྒྱལ་མཚན། སྤྱན་གཡས་ཀྱི་