[A:93]
༄༅ མཁན་པོ་སྟོན་སང་། རི་ཟན་རྡོག་པའི་མཁན་པོ་ཡེ་ཤེས་ཀུན་དགའ། འཇུ་ཕུ་བའི་མཁན་པོ་གཞོན་ནུ་འོད་ཟེར། ཁ་རག་པའི་གདན་ས་བ་གཞོན་ནུ་རྒྱ་མཚན། འབྲི་ལུང་བརྒྱད་མཆོང་པའི་སློབ་དཔོན། བླ་མ་བློ་ལྡན་པའི་དབོན་པོ་དགོན་རྩེའི་གདན་ས་བ་ཚུལ་ཁྲིམས་རྒྱ་མཚན། བླ་མ་ཇ་ཉལ་བའི་དབོན་པོ་བྲག་པའི་གདན་ས་པ་དོན་ཡོད་རྒྱ་མཚན། མགོན་དཔལ་གྲོ་རིན་སྡིངས་པའི་སློབ་དཔོན་དཔལ་ལྡན་རིན་ཆེན། མངའ་རིས་ཆོས་ལུང་གི་མཁན་སློབ་པ་སློབ་དཔོན་ནམ་མཁའ་རྒྱལ་མཚན། གཙང་དགེ་བྲག་པའི་སློབ་དཔོན་དོན་གྲུབ་དཔལ། མར་ཡུལ་གྱི་ལྷ་བཙུན་བྱང་ཆུབ་དཔལ་བཟང་པོ་ལ་སོགས་བྱུང་། སྦས་པའི་རྣལ་འབྱོར་པ་ཡོན་ཏན་དཔག་ཏུ་མེད་པ་བྱོན་པ་རྣམས་བདག་ཅག་གིས་ག་ལ་ཚོར། དེ་ལྟར་མཁས་བཙུན་བཟང་གསུམ་འདུས། ཆོས་ཟབ་རྒྱས་དག་གསུམ་སྟོན། ཕྲིན་ལས་ཕན་བདེ་གྲོལ་གསུམ་དེ་ལ། གདུལ་བྱ་དུས་ལ་བབ་པའི་འགྲོ་དོན་ཟེར་བ་ལགས་པར་གདའ། ????????? སྐུ་ཚེ་འདིར་འཇིག་རྟེན་གྱི་ཚུལ་ལུགས་བཟང་པོས། དཔལ་དང་ལྡན་སྙན་པར་གྲགས། མངའ་ཐང་རྒྱས་ཏེ། རང་དོན་མཐར་ཕྱིན། གཉེན་འབངས་དང་སྲིད་སྡེ་འཁྱོངས། ཡུལ་འཁོར་སྐྱིད་དེ་གཞན་དོན་མཐར་ཕྱིན། དམ་པའི་ཆོས་ཀྱིས་སྡིག་གྲིབ་དག །། བསོད་ནམས་འཕེལ། ཡེ་ཤེས་བརྙེས་ཏེ། རང་དོན་མཐར་ཕྱིན། གདུལ་བྱ་དུལ། ཕྲིན་ལས