R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 94
[A:94] རྒྱས། བསྟན་པ་དར། གཞན་དོན་མཐར་ཕྱིན། སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ། མངོན་པར་མཁྱེན་པ་ལ་སོགས་པའི་ཡོན་ཏན་ཡང་མངའ་བར་ངེས་ཏེ། སྙིགས་མའི་དཔོན་བློན་ཆུང་། ཕྲག་དོག་ཆེ་བས། སྒྲོ་བསྐུར་བྱུང་དགོས་པའི་ཕྱིར། མངའ་བའི་ཚུལ་མི་སྟོན། འོན་ཀྱང་གསུང་ཞལ་ཏ་འབྱོན་པ་རྣམས་ལ། དང་པོ་དེ་རང་འོང་མི་ཐང་སྙམ་པའང་། ཕྱིས་ཇི་ལྟར་གསུང་བའི་ཐོག་ཏུ་སོང་བ་ཡང་པོ་བྱུང་། གཞན་ཡང་ངེས་པ་རྙེད་ཚུལ་ངོ་མཚར་ཆེ་བ་འགའ་ཡོད་དེ་མི་འབྲི། དཔོན་ཆེན་འོད་ཟེར་སེང་གེ་དང་། དགེ་ལེགས་དུ་དབེན་ཤའི་སྲས་པོ་གོང་དུ་འགྲོོ་བ་ལ། གཞན་ཐམས་ཅད་མཐད་པ་རུ་ཁ་འཆམ། ཁོང་རང་། རྣམ་པའ་འདི་ལྟར་སྤྲོ་སྟེ། དྲུང་དུ་དེ་ལྟར་ཞུ་ཡིན་འདུག་བ་ལ། གོང་ནས་བཅོལ་རྒྱུ་རང་མེད། སྐུ་སྲོག་ལ་གཟན། བཞུགས་ན་མི་གྲག་གསུང་། རྟིང་ལ་བྱོན་པ་མྱུར་དུ་གྲོངས། སི་ཏུ་དབང་ཕྱུག་བརྩོན་འགྲུས་དཔོན་སྐྱའི་དུས་སུ། དཔོན་ཆེན་འོད་ཟེར་སེང་གེ་བ་གཤེགས་ནས་མྱ་ངན་ཕོག །། སེམས་ཞུམ་པའི་དུས་སུ། ཁོ་རང་གི་ན་བཟའ་གཅིག །། གསེར་སྲ་གང་། ཕྲ་ཕྱམ་གཅིག་གནང་ནས། ཁྱེད་སྐུ་ཁམས་ངན་པ་གཅིག་འདུག །། ཁམས་ཀྱི་རྩ་རྫོགས་མཛོད། ཁམས་བཟང་ན་རྒྱལ་ཁམས་ལ་ཕན་པ་ཡོང་བ་ཡིན་གསུང་བ། ཇི་ལྟར་གསུང་བ་བཞིན་ཐོག་ཏུ་སོང་གསུང་ནས་ད་ལྟའང་སྦུགས་ཞེན། ཆེན་པོ་མཛད་པ་ཡིན། དེ་ལྟར་གསུང་ཚད་ཐོག་ཏུ་ཏུ་སོང་བས། ཆེ་གཉན་བཙུན་གསུམ་ཐམས་ཅད་ཀྱིས་གྲོས་འདྲི་ཞིང་བློ་གཏོང་པ་དེ་ལྟར་ཡིན། ཐུགས་ཚོད་བཏང་ཚད་ཐོག་ཏུ་འགྲོ་བ་དེ་ཡང་མངོན་ཤེས་སུ་འདུག །། མངོན་ཤེས་མེད་པའི་ཕོ་ཚོད་