[A:95]
༄༅ ཐོག་ཏུ་འགྲོ་བ་དཀར་བར་འདུག །། མནལ་ལམ་ལྟ་བུ་ལ་སྙད་ནས་མ་འོངས་པ་མཁྱེན་པ་འགའ་རེའང་གསུང་སྟེ། སྔར་དཔལ་སྐྱེས་དབེན་ཤྲི་བོད་དུ་འོངས་དུས། འཚལ་པ་རྣམས་རྒྱལ་བུ་ཨ་ཡུུ་པར་པ་ཏ་ཡབ་སྲས་ཀྱི་དགོས་མི་བྱེད་པའི་ཞུ་བ་བསྐུར་ཟེར་བ་ལ། ཇི་ལྟར་མཐད་དམ་དགོངས་ནས། དྲུང་པ་ཐུགས་ཐེ་ཚོམ་དུ་གྱུར་པའི་སྐབས་སུ། མནལ་ལམ་དུ་ཆེན་པོའི་དགའ་བདེ་བྱོན་ནས། འཚལ་པ་སེ་ཆེན་རྒྱལ་པོའི་དགོས་མི་ཡིན་པ་འདི་རང་གིས་ཁྱབ། རིས་མང་པོ་ཆད་པ་དགའ་རྒྱུ་མེད་གསུང་བ་བྱུང་ནས། དབེན་བྲི་ལའང་དེ་བཞིན་དུ་ཞུས་པས། མདུན་ལམ་མ་ཉེས་ཏེ། དེ་གོ་ལུག་རྒྱལ་པོའི་བརྒྱུད་པས་རྒྱལ་ས་མཛད་དུས་ཀྱང་། སེ་ཆེན་གྱི་སྲོལ་བཞིན་སྐྱོང་བ་འདི་བྱུང་བ་ཡིན་གསུང་། སྟོད་ཧོར་ལེབ་རྩེ་དམག་སྐད་འོང་བ་དེའང་། སྐད་མ་བྱུང་གོང་དུ། གཉན་ཐང་ལྷའི་མགུལ་དུ། དྲུང་ནས་གཟིམས་པའི་མནལ་ལམ་དུ་བྱུང་འདུག །། ཁྱིིིིི་མེ་ལ། བླ་མ་ཏི་ཤྲི་ཀུན་བློ་གོང་དུ་གདན་འདྲེན་པ་ལ། སློབ་དཔོན་བཀའ་བཞི་པ་དང་། འཇིར་ཀ་ལ་ག་ཡིའུ་ཆིང་ཡོང་བའི་བསུ་བ་ལ། དྲུང་ནས་བྱོན་དུས། མནལ་ལམ་དུ་བུད་མེད་བཞིི་ན་ཏེ། རྒྱལ་པོ་ཆེན་པོ་པིདྷི་ཕ་ལས་ཀྱང་། བཀྲིས་ཚེ་རིངས་མའི་ནང་ན་ཡོད་པའི་མགུར་དེ་ལ་མ་གསན་པས་ལན་པ་ཡིན་ཟེར་བ་གཅིག་བྱུང་། མགུར་ན་ཅིང་ཡོད་བྱས་པས། བྱང་གི་མ་ཤང་ཧོར་གྱི་རྒྱལ་ཁམས་ན། གྱད་ངམ་ལེན་གཡུལ་དུ་འཇུག་པ་ལ། ནང་སྲིད་ལེག་ཁུ་ཡིས་མ་བཏག་གནད། ཕྱི་གེ་སར་དམག་གིས་མི་འཇིགས་པས། སྲིད་ཞི་བས་བསྐྱོངས་ཤིག་འཛངས་ཀྱི་འཁྲུལ། ཞེས་པ་ཡོད་ཟེར་བ་རྨིས་གསུང་ཙ་