R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 99
[A:99] ཁོ་དེ་ཀུན་གསུང་། ཉེ་གནས་རྒྱ་མཚན་གྱིས། ཁྲིད་ཡིག་འདིའི་ཡིག་ཤོག་ངན་པ་འདི་སྤྱན་ལ་གཟན་པར་འདུག་པས་སྤོ་བ་ལགས་ཏེ། འགུ་རུ་ལུགས་སུ་བཤུས་པས་ཨེ་ཆོག །། ཞུས་དག་གཅིག་ཐུགས་ལ་འདོགས་པར་ཞུས་པས། ང་རང་གི་བརྗེད་ཐོ་ལ་ནི་དེ་ཙམ་གྱིས་ཆོག །། སང་རེད་ན་ཕར་ཁྲིད་བྱེད་པ་ཨེ་ཡོང་རང་མི་ཤེས། ཁྲིད་ཀྱི་སྤྲོས་པའང་དེ་ཙམ་ལ་གཅོད་ལས་ཆེ་སུ་སྤེ་སྤེ་ཡེས་ཤིག་གསུང་། ཉེ་གནས་ཤཱཀྱ་འབུམ་གྱིས་སྔ་རྟིང་གི་ཐོབས་གཉིས་གསུམ་དུ། ན་ནིང་ཞུས་པའི་ཞལ་བཞེས་ཟུར་ཙམ་གནང་བ་བཞིན། དབང་བསྐུར་ཆེན་མོ་འདི་ལ། དཔོན་སའི་དྲུང་ནས་ཐུགས་འདུན་ཤིན་ཏུ་ཆེ་བར་འདུག་པས། དུས་སྐབས་ལེགས་པ་ཞིག་ལ་ཅི་ནའང་ཐུགས་ལ་འདེགས་པར་ཞུ་ཡང་ཡང་ཞུས་ནས། འདི་བྱེད་པ་ཡེ་རང་མི་གྲག །། ང་ཀུན་ནི་ད་རང་ཡུན་རིངས་ཨེ་སྡོད་མི་འོས་པས། མི་རྣམས་ཀྱིས་ཆོ་ག་གཉན་པོ་དེ་བྱས་པས་ལན་པ་ཡིན་ཟེར་ནས། ལེའུ་ཁའི་ཁག་འཇོག་པ་གཅིག་ལས་མི་ཡོང་གསུང་། ཟླ་བ་དགུ་པའི་ཟླ་སྟོད་ལ་། སློབ་དཔོན་ཆེན་པོ་ཆོས་ཀྱི་རྒྱ་མཚན་ལ། མཇལ་བ་ལ་ཀླུངས་སུ་འབྱོན་པའི་སྔ་ཉིན། དངོས་པོ་འཁྱེར་འོས་དང་འཇོག་འོས་ཀྱི་ཞལ་ཏ་ཞུས་པས། ཤ་མར་དང་ཕྱམ་སྣམ་ལ་སོགས་ལྷབ་ལྷེབ་གང་འདུག་མར་ལ་ཁྱེར་བ་དྲག །། རང་རེད་ཀུན་དགོས་པ་རང་མི་ཡོང་ལ་ཆེ་གསུང་བ་དང་དོན་ནུབ། བླ་མ་དོན་ཞགས་པའི་དུས་དྲན་གྱི་ནང་མཆོད་མཇལ་མཛད་པའི་ཚོགས་གྲལ་དུ། མི་རྣམས་ངས་དགོན་པ་འདི་ལ་བེད་མི་ཆོད། འདི་འདྲ་བྱས་ནས་ཅི་བྱེད་ནའང་ཟེར་བའང་བྱུང་བ་ཡིན་ཏེ། ལོ་ཉི་ཤུ་རྩ་ལྔ་ཙམ་